གཅིག ཨེ་ཙི་ནད་དུག་ཅན་ལ་གཅོང་ནད་འབྱུང་བར་ཇི་ལྟར་སྔོན་འགོག་བྱེད་དགོས།
ཨེ་ཙི་ནད་དུག་ཅན་ལ་གཅོང་ནད་འབྱུང་བར་སྔོན་འགོག་བྱེད་པའི་བྱེད་ཐབས་ཆེས་བཟང་བོ་ནི་སྨན་རྫས་ལ་བརྟེན་རྒྱུ་དེ་ཡིན། ཨེ་ཙི་ནད་དུག་ཅན་ལ་གཤམ་གྱི་སྣང་ཚུལ་འདི་དག་ཡོད་ན་སྨན་རྫས་ཀྱིས་སྔོན་འགོག་བྱེད་ཆོག
1.འདུས་འདྲིལ་སྲིན་རྒྱུའི་སྐྱི་པགས་ཚོད་ལྟ་ལས་གདགས་གཤིས་ཡིན་པ།
2.གློ་བའི་ནང་དུ་ནད་རྙིང་ཡོད་པ།
3.གཅོང་ནད་འབྱུང་ཚད་མཐོ་བའི་ས་ཁུལ་ནས་ཡོང་བའི་མི། སྔོན་འགོག་བྱེད་ཐབས་ནི་ཡིས་ཡན་ཅིན(异烟肼)ཞེས་པའི་སྨན་དེ་ལོ་གཅིག་ཙམ་ལ་འཐུང་དགོས། གཅོང་ནད་འབྱུང་ཚད་མཐོ་བའི་ས་ཁུལ་ནས། ཨེ་ཙི་ནད་དུག་འགོས་ཡོད་རུང་ནད་རྟགས་ཅི་ཡང་མེད་པའི་བྱིས་པར་ཁ་ཅེ་མེའོ་ཞེས་པའི་འགོག་སྨན་རྒྱག་དགོས། གལ་ཏེ་ཨ་མར་ཨེ་ཙི་ནད་དུག་འགོས་ཡོད་ཚེ། དེའི་བྱིས་པར་ནད་རྟགས་ཅི་ཡང་མེད་རུང་ཁ་ཅེ་མེའོ་འགོག་སྨན་རྒྱག་དགོས།
གཉིས། ཨེ་ཙི་ནད་དང་བསྡོངས་ནས་གཅོང་ནད་བྱུང་བའི་ནད་པར་ཇི་ལྟར་གསོ་བཅོས་བྱེད་དགོས།
ཨེ་ཙི་ནད་དང་བསྡོངས་ནས་གཅོང་ནད་བྱུང་བའི་ནད་པས་མྱུར་དུ་གསོ་བཅོས་བྱས་ནས་ནད་བབ་ལ་ཚོད་འཛིན་བྱས་ནས་ཇེ་སྡུག་ཏུ་འགྲོ་རུ་འཇུག་མི་རུང་། གསོ་བཅ