དང་པོ། ནུ་མ་བསྣུན་པའི་དུས་ཀྱི་འཕྲོད་བསྟེན།
མའི་ནུ་ཞོ་ནི་བྱིས་པའི་མཆོག་གྱུར་གྱི་ཟས་ཡིན་ལ་བྱིས་པས་མའི་ནུ་མ་འཇིབ་པ་ལ་བརྟེན་ནས་མའི་མངལ་སྐུམ་པ་དང་རང་གནས་སུ་འགྲོ་བར་གྲོགས་བྱེད་པས་མའི་ནུ་མ་བསྣུན་རྒྱུ་ནི་ཤིན་ཏུ་གལ་ཆེ། ནུ་ཞོའི་གཙང་སྦྲ་དང་བྱིས་པའི་བདེ་ཐང་གི་ཆེད་དུ་ནུ་མ་བསྣུན་པའི་དུས་ཀྱི་གཙང་སྦྲར་དོ་སྣང་བྱེད་དགོས།
༡.མའི་སྤྲི་སྟེར་བ། བཙས་གཞུག་ཏུ་དེ་མ་ཐག་ནུ་མ་བསྣུན་ཏེ་སྤྲི་སྟེར་དགོས། དེའི་སྐབས་སུ་འོ་མ་ཤིན་ཏུ་ཉུང་ཡང་སྤྲི་བསྟེན་པས་བྱིས་པའི་ནད་འགོག་གི་སྟོབས་འཕེལ་ཐུབ། སྤྲི་མ་བྱིན་གོང་དུ་ཟས་གཞན་དང་ཆུ་སྟེར་མི་དགོས། བྱིས་པས་མའི་ནུ་མ་འཇིབ་པས་མངལ་སྐུམ་པ་དང་ཤ་མ་ལེགས་པར་འབྱིན་པ། བཙས་གཞུག་ཁྲག་ཤོར་ཉུང་བ་བཅས་ལ་ཕན། ནུ་ཞོ་སྟེར་བ་དང་ཐོག་མའི་གླན་སྦྱོར་ལས་མ་བུའི་བར་གྱི་བརྩེ་འདང་ལྷག་པར་འཕེལ་བ་མ་ཟད་འདི་ནི་སྟབས་བདེ་ལ་འགྲོ་གྲོན་ཆུང་བའི་ཐབས་མཆོག་ཅིག་ཀྱང་ཡིན།
༢.ནུ་མའི་ནད་གཡོག བཙས་གཞུག་གི་ཉིན་གཉིས་པ་དང་གསུམ་པར་ནུ་མ་ཆེར་རྒྱས་པ་དང་སྲ་མོར་འགྱུར། འོ་མ་ཇེ་མང་དང་མདོག་དཀར་ལ་གར་པོར་འགྲོ། ནུ་མ་སྣུན་ཐེངས་རེའི་སྔོན་དུ་མའི་ལག་གཙང་མར་བྱེད་པ་དང་། ལག་ཕྱིས་གཙང་མས་ནུ་མ་དག་པར་ཕྱིས་ཏེ་ལྡུད་དགོས།
གཉིས་པ། མའི་