མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁྲི་ཀའི་ཡན་ལག་སྨན་ཁང་ནི་སྤྱི་ལོ༢༠༡༣ལོར་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་ཆོག་མཆན་བཀོད་པ་བརྒྱུད་དེ་གསར་དུ་བཞེངས་པའི་བོད་ལུགས་གསོ་རིག་སྨན་ཁང་ཞིག་ཡིན་ལ། སྤྱི་ལོ༢༠༡༤ལོའི་ཟླ༡༡པར་དངོས་སུ་སྒོ་ཕྱེས། སྨན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ༢༧༦༡ཡོད་ལ། སྡོད་བཅོས་ནད་ཁྲི་༢༠༠དང་ལས་བཟོ་བ༡༠༠ལྷག་ཡོད།
སྨན་ཁང་གི་ཞབས་ཞུའི་ལས་སྒོ་གཙོ་བོ་ནི་སྒོ་བསྟེན་དང་ཞག་སྡོད་ཀྱི་རྣམ་པ་གཉིས་སུ་གྲུབ་ལ། དེར་ཚན་ཁག་གཙོ་བོ་ཕོ་བ་རྒྱུ་མ་དང་ཀླད་སྙིང་ཁྲག་རྩ། མཆིན་མཁྲིས་དང་གློ་བ། མཁལ་མ། མོ་ནད་སོགས་གསོ་བའི་ཁོང་ནད་ཚན་ཁག་དང་། དྲེག་གྲུམ་ཆུ་སེར་ཚིགས་ནད་དང་པགས་ནད་བང་ཚད་སོགས་གསོ་བའི་སྨན་ལུམས་ཚན་ཁག གཏར་བསྲེག་དུགས་དང་བྱུགས་པ། ཆུ་དང་རྫ་མའི་འཕྲུལ་འཁོར། རླངས་ལུམས་དང་ཙོག་ལུམས། ཟངས་ལྕགས་ཤིང་དང་མཁའ་འགྲོ་སོགས་ཀྱི་ཏེལ་བ། གསེར་དང་དངུལ་གྱི་སྐམ་ཁབ། རྡོ་རྗེ་དབྱུག་བཅོས། བསྐུ་མཉེ་དེབ་ཆིངས་སོགས་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་དཔྱད་བཅོས་ཚན་ཁག དེ་མིན་ད་རུང་སོ་དང་ཁ་ནད་ཚན་ཁག བདེ་ཐང་ཞིབ་བཤེར་ཚན་ཁག གཞོགས་འདེགས་བརྟག་དཔྱད་འཕྲུལ་ཆས་ཚན་ཁག་སོགས་ཆ་ཚང་བཙུགས་ཡོད་པ་མ་ཟད་བརྟག་དཔྱད་འཕྲུལ་ཆས་ཀྱི་སྐོར་ལ་སྔོན་ཐོན་གྱི་གྲལ་དུ་ཚུད་