2016ལོའི་ཟླ1པོའི་ཚེས6ཉིན། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས《ཀྲུང་གོའི་སྤྱི་དམངས་ཀྱི་བདེ་ཐང་ཚད་གཞིའི་རྨང་གཞིའི་ཤེས་བྱ་དང་ནུས་རྩལ》(2015ལོར་པར་སྐྲུན་བྱས།)ཞེས་པ་འགྲེམ་སྤེལ་བྱས་ནས། རང་རྒྱལ་གྱི་མིག་སྔའི་མཁར་གྲོང་སྡོད་དམངས་ལ་ངེས་པར་དུ་མཁོ་བའི་རྨང་གཞིའི་བདེ་ཐང་ཤེས་བྱ་དང་འདུ་ཤེས། བདེ་ཐང་གི་འཚོ་བ་རོལ་སྟངས་དང་སྤྱོད་ལམ། བདེ་ཐང་གི་རྨང་གཞི་ནུས་རྩལ་བཅསགཏན་འཁེལ་བྱས་པ་དེ་ནི་རིམ་པ་སོ་སོའི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་སྡེ་ཁག་དང་སྨན་བཅོས་འཕྲོད་བསྟེན་ཆེད་ལས་སྡེ་ཁག སྤྱི་ཚོགས་སྡེ་ཁག སྨྱན་བྱད་སྡེ་ཁག་སོགས་ཚང་མས་སྤྱི་དམངས་རྣམས་ལ་བདེ་ཐང་སློབ་གསོ་དང་བདེ་ཐང་བརྒྱུད་སྤེལ་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་ཡིན།
2008ལོར། རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་ཐོག་དང་པོར《ཀྲུང་གོའི་སྤྱི་དམངས་ཀྱི་བདེ་ཐང་ཚད་གཞིའི་རྨང་གཞིའི་ཤེས་བྱ་དང་ནུས་རྩལ(ཚོད་སྤྱོད)》ཞེས་པ་འགྲེམ་སྤེལ་བྱས། 2008ལོ་དང་བསྡུར་ན། 2015ལོར་དཔར་སྐྲུན་བྱས་པའི《བདེ་ཐང་ཚད་གཞིའི་དོན་ཚན་རེ་དྲུག་མའི》ནང་ཉེ་བའི་ལོ་འགའི་ནང་གི་བདེ་ཐང་གི་གནད་དོན་གཙོ་བོ་འགའ་ཁ་སྣོན་བྱས་ཡོད་པ་སྟེ། དཔེར་ན་སེམས་ཁམས་བདེ་ཐང་གི་གནད་དོན་དང་དལ་བའི་རང་བཞིན་གྱི་ནད་རིགས་སྣ་ཚོགས་ཀྱི་སྔོན་འ