(2002ལོའི་ཟླ9པའི་ཚེས20ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པའི་སྟེང་འཐད་པ་བྱུང་ཞིང་། 2016ལོའི་ཟླ3པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི《མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྲོལ་ཡིག》བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ལྟར་བཟོ་བཅོས་བྱས།)
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། མི་གྲངས་དང་དཔལ་འབྱོར། སྤྱི་ཚོགས། ཐོན་ཁུངས། ཁོར་ཡུག་བཅས་མཐུན་སྦྱོར་ངང་འཕེལ་བ་མངོན་འགྱུར་བྱེད་པ་དང་། འཆར་ལྡན་བུ་སྐྱེ་ཁྱབ་སྤེལ་དུ་གཏོང་བ། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་། ཁྱིམ་ཚང་བདེ་སྐྱིད་དང་མི་རིགས་དར་རྒྱས། སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་གཉ