ལེའུ་གསུམ་པ། བཙའ་སྐྱེ་ལེགས་སྒྲིག
དོན་ཚན་བཅུ་གཉིས་པ། བཟའ་ཟླ་གཅིག་ལ་བུ་ཕྲུག་གཉིས་སྐྱེ་ཆོག་པ་འདོན་སྤེལ་བྱེད་པ།
འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་འབྲོག་པ་བཟའ་ཟླས་བུ་ཕྲུག་གསུམ་བཙའ་ཆོགབཙའ་སྐྱེའི་ཞབས་ཞུ་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་པ་ནི་སྲོལ་ཡིག་འདིའི་བཙའ་སྐྱེའི་གཏན་འཁེལ་དང་མཐུན་པས། བཟའ་ཟླ་གཉིས་ཀྱིས་རང་རྟོགས་སྒོས་བཙའ་སྐྱེ་བཀོད་སྒྲིག་བྱེད་ཆོག
དོན་ཚན་བཅུ་གསུམ་པ། གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ན། བཟའ་ཟླ་ཕྱོགས་གཉིས་ཀས་ཐུན་མོང་གིས་རེ་ཞུ་བྱེད་པ་དང་། ཕྱོགས་གཉིས་ཀྱི་ལས་ཁུངས་སམ་ཡང་ན་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་། སྲང་ལམ་དོན་གཅོད་ཁྲུའུ་ཡིས་ཞིབ་དཔྱད་བྱས་རྗེས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འཆར་ལྡན་བུ་སྐྱེ་སྲིད་འཛིན་སྡེ་ཁག་ལ་སྤྲད་དེ་ཆོག་མཆན་བཀོད་རྗེས། ཡང་བསྐྱར་བཙའ་ཆོག
(གཅིག)བུ་ཕྲུག་གཉིས་བཙས་པའི་བཟའ་ཟླའི་བུ་ཕྲུག་གཅིག་ཚེ་ལས་འདས་ཚེ། ཡང་བསྐྱར་བུ་ཕྲུག་གཅིག་བཙའ་ཆོག་ལ། བུ་ཕྲུག་གཉིས་ཀ་ཚེ་ལས་འདས་ཚེ། ཡང་བསྐྱར་བུ་ཕྲུག་གཉིས་བཙའ་ཆོག
(གཉིས)བུ་ཕྲུག་གཉིས་བཙས་པའི་བཟའ་ཟླའི་བུ་ཕྲུག་གཅིག་ལ་གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ཀྱིས་རྒྱུན་འཛིན་རང་བཞིན་མིན་པའི་ནད་བྱུང་སྟེ་རྒྱུན་ལྡན་ག