2016ལོའི་ཟླ3པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ཉེར་ལྔ་བའི་སྟེང་། 《མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྲོལ་ཡིག》གི་ཆོད་དོན་ལ་བཅོས་སྒྱུར་བྱེད་པར་གྲོས་འཆམ་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྲོལ་ཡིག་སྐོར་གྱི་སྤྱོད་བདེ་བའི་གནད་དོན་ལ་ལན་བཏབ།
གཅིག བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་དེ་རང་ཞིང་གིས་དུས་ནམ་ཞིག་ལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན་ནམ།
2016ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་རང་ཞིང་གིས་བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད།
གཉིས། རང་ཞིང་གི་བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་དེ་མི་གང་དག་གིས་ལོངས་སུ་སྤྱད་ཆོག་གམ།
རང་ཞིང་གི་ཁྱིམ་ཐོ་ཡིན་པའི་མཁར་གྲོང་དང་ཞིང་སྡེའི་ཁྱིམ་ཚང་གིས་བྱིས་པ་གཉིས་སྐྱེ་ཆོག རང་ཞིང་གི་ཁྱིམ་ཐོ་ཡིན་པའི་འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་ཁྱིམ་ཚང་གིས་བྱིས་པ་གསུམ་སྐྱེ་ཆོག
གསུམ། བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་རྗེས། བྱིས་པ་སྐྱེས་ན་ཞིབ་བཤེར་ཆོག་མཆན་འགོད་དགོས་སམ།
