$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.05.23 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

འཚོ་རྒྱུ་བེ་ཧྲིན་སུའུDནི་ཟས་བཅུད་ཁྲོད་དུ་མེད་པའི་འཚོ་རྒྱུའི་རིགས་ཤིག་ཡིན་ཏེ། དེ་ཉིད་ཉི་འོད་ཐད་ཀར་ལུས་སྟེང་དུ་ཕོག་པ་ལས་བྱུང་བ་ཞིག་ཡིན། ལོ་གཉིས་མན་གྱི་བྱིས་པ་རྣམས་སྒོའི་ཕྱི་རོལ་དུ་དེ་འདྲ་འཁྱེར་གྱིན་མེད་པས། ལུས་སྟེང་དུ་འཚོ་རྒྱུ་བེ་ཧྲིན་སུའུD ཡིས་འདང་ཀྱིན་མེད། ལྷག་པར་དུ་དགུན་ཁའི་དུས་སུ་བྱིས་པའི་ལུས་སྟེང་དུ་ཉི་འོད་ཕོག་པར་བྱེད་དགོས། ཨ་མའི་ནུ་མ་ཁོ་ནར་བསྟེན་བཞིན་པའི་བྱིས་པར་མཚོན་ནའང་། ཨ་མའི་ནུ་མའི་ནང་དུ་འཚོ་རྒྱུ་བེ་ཧྲིན་སུའུDཉུང་ན། བྱིས་པར་ངེས་པར་དུ་འཚོ་རྒྱུ་བེ་ཧྲིན་སུའུDཁ་གསབ་བྱེད་དགོས། 《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཅའི་འཚོ་བཅུད་བསྟེན་ཚུལ》ནང་དུ། སྐྱེས་མ་ཐག་ནས་ཟླ་བཅུ་གཉིས་ཙམ་འགོར་བའི་བྱིས་པར་འཚོ་རྒྱུ་བེ་ཧྲིན་སུའུD ཁ་གསབ་བྱེད་དགོས་པ་གསལ་བོར་བསྟན་ཡོད།

འཚོ་རྒྱུ་བེ་ཧྲིན་སུའུDཡི་གཏིག་རྫས་སྨན་ནི་ཆེས་རྒྱུན་བསྟེན་གྱི་བྱིས་པ་རློན་ནུའི་འཚོ་རྒྱུའི་རིགས་ཤིག་ཡིན། སྤྱིར་བྱིས་པ་སྐྱེས་ནས་ཉིན་བཅོ་ལྔ་ཡས་མས་འགོར་རྗེས་སྨན་པས་ཁྱིམ་བདག་ལ་བྱིས་པར་འཚོ་རྒྱུ་བེ་ཧྲིན་སུའུDཁ་གསབ་བྱེད་དུ་འཇུག་སྲིད། ཁྱིམ་བདག་གིས་བྱིས་པར་འཚོ་རྒྱུ་བེ་ཧྲིན་སུའུD ལྡུད་སྐབས། གཏིག་རྫས་སྨན་དེའི་ཁ་གཤགས་ནས་བླུད་ཆོག འཚོ་རྒྱུ་བེ་ཧྲིན་སུའུDཡི་གཏིག་རྫས་སྨན་དེའི་ཕྱི་ཤུན་ཡང་སྨན་དང་མཉམ་དུ་འཐུང་ཆོག་པས། ཁྱིམ་བདག་གིས་འཚོ་རྒྱུ་བེ་ཧྲིན་སུའུDཡི་གཏིག་རྫས་སྨན་དེ་བྱིས་པར་ལྡུད་སྐབས་དེའི་ཁ་གཤགས་ནས་ནང་གི་གཤེར་ཁུ་བྱིས་པར་ལྡུད་པ་དང་དེའི་ཕྱི་ཤུན་རང་གིས་ཟོས་ཆོག རབ་ཡིན་ན་དེའི་ཕྱི་ཤུན་བྱིས་པར་མ་བླུད་ན་བཟང་བ་དང་། གལ་ཏེ་སེམས་ཆུང་མ་བྱས་པར་བྱིས་པའི་ཁ་ནང་དུ་ཤོར་ནའང་སྐྱོན་མེད་དེ། བྱིས་པར་ཆུ་ཁོལ་མང་པོ་འཐུང་དུ་བཅུག་པས་ཆོག
 

ལོ་ཙཱ་བ། འབྲུག་མོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།