$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.05.25 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

བོད་སྨན་ལས་ལུམས་བཅོས་ནི་དཔལ་ལྡན་རྒྱུད་བཞིའི་ཕྱི་མ་རྒྱུད་དུ་སྨན་དཔྱད་ལག་ལེན་བཅོ་བརྒྱད་གསུངས་ཡོད་པ་ལས་དཔྱད་སྡེ་ལྔའི་གྲས་སུ་བསྟན་ཡོད་ཅིང་། འདིར་ཆུ་ལུམས་དང་བཅིང་ལུམས་ཀྱི་བཅོས་ཐབས་གཉིས་ལས་ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང་ཞི་བར་བྱེད་པ་ཆུ་ལུམས་ཀྱི་ཆོ་ག་གཙོར་བཟུང་ཞིང་། གཉེན་པོ་ཁོང་སྨན་བསྟེན་པ་ཕལ་བར་བཞག་སྟེ་གསོ་བཅོས་བྱས་ནས་དྲག་སྐྱེད་ལེགས་པས། རྒྱ་ཆེ་བའི་ནད་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

སྤྱིར་སྨན་ལུམས་ལ་རུང་བའི་ནད་དང་མི་རུང་བའི་ནད་གཉིས་ཡོད་དེ། ལུམས་རུང་བའི་ནད་ནི་རྐང་ལག་རེངས་པ་དང་འཁུམས་པ། སྦྲིད་པ། ཞ་བའི་རིགས། ཤ་རུས་ལ་ཆུ་སེར་གཡོས་པ། མོ་ནད་རླུང་ཚབས། རུས་མཛེར་གྱི་ནད། གཞུང་རེངས། དཔུང་འཇའ། ཁྱད་པར་དུ་གླང་ཤུ་སོགས་པགས་ནད་གསར་རྙིང་དང་། དྲེག་ནད་དང་གྲུམ་བུའི་རིགས། རྩ་དཀར་གྱི་ནད་རིགས། རླུང་ནད་མ་ལུས་པ་ཀུན་ལ་བསྔགས་སོ། ལུམས་མི་རུང་བའི་ནད་ནི་ཁྲག་ཤེད་མཐོ་བ། ཚ་བ་གཉན་རིམས། ཟུངས་ཟད། སྦྲུམ་མ། ཡི་ག་ཞན་པ། ཟླ་མཚན་འབབ་དུས་སུ་མི་རུང་ངོ་། ལུམས་ཀྱིས་ཆུ་སེར་དང་ཚ་རླངས་སོགས་རྔུལ་ཆུ་དང་བསྡོངས་ནས་བ་སྤུའི་བུ་གུའི་སྒོར་འབྱིན་པ་དང་། བ་སྤུའི་བུ་གུའི་ཁོག་སྟོང་བརྒྱུད་དེ་ཐད་ཀར་ནད་ཐོག་ཏུ་སྨན་ནུས་ཐོན་པ། རྩ་དང་ཆུ་རྒྱུས་མཉེན་པར་བྱེད་པ་དང་། སྐྲངས་པ་འཇོམས་པ་། སྐེམ་པོ་ཤ་རྒྱས་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ།

                                                                                                                                        ས་གནས། ཁྲི་ཀ་རྫོང་ཆུ་སྲིབ་གྲོང་བརྡལ་ཟི་གཅིག་གཞུང་ལམ་གྱི་བྱང་ཟུར། 

འབྲེལ་གཏུགས་ཁ་པར།   སྨན་པ་ཀླུ་རྒྱལ། 15597192864   སྨན་པ་འབུམ་མཆོག 13109788992

IMG_0703.JPG

སྨན་པ་དཔལ་ལྡན་གྱིས་སྨན་ལུམས་ཚན་ཁག་ངོ་སྤྲོད་བྱེད་བཞིན་པ།

IMG_0718.JPG

ནད་པ་མཁའ་ཡེ་ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

གསར་འགོད་པ།   ཟླ་བཟང་སྒྲོལ་མ།

 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།