$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.05.26 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

 ནམ་རྒྱུན་ཁྱིམ་བདག་མང་པོས་ཁྲག་ཚིལ་མཐོ་བའི་ནད་དེ་བྱིས་པར་འབྱུང་བར་འདོད་ཀྱིན་མེད་ལ། ཐ་ན་བྱིས་པའི་ཚན་ཁག་གི་སྨན་པ་མང་པོས་ཀྱང་བྱིས་པའི་ཁྲོད་ཁྲག་ཚིལ་རྒྱུན་ལྡན་མིན་པའི་གནས་ཚུལ་ཧ་ཅང་ཉུང་བར་འདོད། དོན་དངོས་ཐོག་བྱིས་པ་དང་ན་གཞོན་ལོ་ཆུང་གི་ཁྲག་ཚིལ་རྒྱུན་ལྡན་མིན་པའི་སྣང་ཚུལ་ཅུང་མཐོ། འཚོ་བའི་གོམས་སྲོལ་མི་ལེགས་པ་དང་། ལུས་ཚོ་བ། བརྗེ་ཚབ་རྟགས་འདུས་ནད་ཇེ་མང་ཡིན་པའི་རྐྱེན་གྱིས། བྱིས་པའི་ཁྲག་ཚིལ་རྒྱུན་ལྡན་མིན་པ་བཅས་ཀྱི་སྣང་ཚུལ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

བྱིས་པའི་ཁྲག་ཚིལ་མཐོ་བ་ཡིན་ན་སྙིང་ཁམས་ཁྲག་རྩར་གནོད་པ་གཏོང་སྲིད།

ན་གཞོན་ལོ་ཆུང་གི་ཁྲག་ཚིལ་རྒྱུན་ལྡན་མིན་པ་ནི་ཆུང་དུས་ཁྲག་ཚིལ་བརྗེ་ཚབ་འཁྲུགས་པ་དང་། སྤྱིའི་མཁྲིས་རྒྱུ་གཤེར་རྩི་དང་མངར་སྣུམ་སུམ་ཐེན་གྱི་ཚད་རྒྱུན་ལྡན་གྱི་དཔྱད་གཞིའི་བསྡུར་ཚད་ལས་མཐོ་བ་སོགས་ཀྱི་དབང་གིས་ཁྲག་ཚིལ་མཐོ་བའི་ནད་བྱུང་བ་རེད། ནད་རྟགས་ལ་གཞིགས་ནས་གདོད་འབྱུང་རང་བཞིན་དང་མཐུད་འབྱུང་རང་བཞིན་རིགས་གཉིས་སུ་བཀར་ཆོག གདོད་འབྱུང་རང་བཞིན་གྱི་ཁྲག་ཚིལ་མཐོ་བའི་ནད་ནི་རྒྱུ་རྐྱེན་མི་གསལ་བའི་ཁྲག་ཚིལ་མཐོ་བའི་ནད་ཅིག་ཡིན་ཞིང་། ནད་དེ་རྒྱུད་འདེད་རྒྱུད་རྒྱུ་ཞན་པ་དང་ཡང་ན་ཁོར་ཡུག་གི་རྒྱུ་རྐྱེན་སྟེ། བཟའ་བཏུང་དང་འཚོ་བ་རོལ་སྟངས་སོགས་དང་འབྲེལ་བ་དམ་པོ་ཡོད། མཐུད་འབྱུང་རང་བཞིན་གྱི་ཁྲག་ཚིལ་མཐོ་བའི་ནད་ནི་ལུས་ཡོངས་ཀྱི་ནད་རིགས་ཁ་ཤས་ལས་བསྐྱེད་པའི་ཁྲག་ཚིལ་རྒྱུན་ལྡན་མིན་པ་དེ་ཡིན། འཚོ་བ་རོལ་སྟངས་དང་སྤྱི་ཚོགས་ཁོར་ཡུག་གི་འགྱུར་ལྡོག ལུས་པོ་ཆེས་ཚོ་བ་སོགས་ཀྱིས་བྱིས་པའི་ཁྲག་ཚིལ་རྒྱུན་ལྡན་མིན་པའི་སྣང་ཚུལ་མང་དུ་འབྱུང་བཞིན་ཡོད། དེར་བརྟེན། མཐུད་འབྱུང་རང་བཞིན་གྱི་ཁྲག་ཚིལ་མཐོ་བའི་ནད་དེ་སྔོན་འགོག་དང་གསོ་བཅོས་ཀྱི་གནད་འགག་ཏུ་གྱུར་ཡོད།

སྔོན་ཆད། སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་སྟེ་ཁྲག་ཚིལ་མཐོ་བའི་ནད་དེ་རིགས་བྱིས་པའི་དུས་སུ་མི་འབྱུང་། ཡིན་ན་ཡང་། མིག་སྔར། མི་དར་མའི་བདེ་ཐང་ལ་གནོད་པ་ཚབས་ཆེ་བའི་ནད་དེ་བྱིས་པར་ཡང་འབྱུང་བཞིན་ཡོད། ཞིབ་འཇུག་མང་པོ་ལས། འཕར་རྩ་སྲ་འགྱུར་དང་འབྲེལ་བའི་སྙིང་ཁམས་ཁྲག་རྩའི་ནད་སྟེ་སྙིང་གཟེར་ནད་ནི་དར་མའི་དུས་ནས་བཟུང་བྱུང་བ་ཞིག་ཡིན་མོད། འཕར་རྩ་སྲ་འགྱུར་ཀྱི་ནད་གཞི་དེ་བྱིས་པའི་དུས་ནས་ཡོད་པ་ཞིག་ཡིན་པས། སྔ་མོ་ནས་ཞིབ་བཤེར་གསོ་བཅོས་བྱས་ན་སྔོན་འགོག་གི་ནུས་པ་བཟང་བོ་ཐོན་ཐུབ་པ་ཤེས།

བྱིས་པ་ཁ་ཤས་ལ་ཁྲག་ཚིལ་བརྟག་དཔྱད་བྱེད་དགོས།

ཁྲག་ཚིལ་མཐོ་བའི་ནད་པ་མང་པོར་ནད་རྟགས་ཅི་ཡང་མེད་ལ། ནམ་རྒྱུན་ཁྲག་ལ་བརྟག་དཔྱད་བྱེད་སྐབས་ཤེས་པ་ཞིག་ཡིན། ལྷག་པར་དུ་བྱིས་པར་ནད་རྟགས་ཅི་ཡང་མི་མངོན། བྱིས་པའི་ཁྲག་ཚིལ་མཐོ་བའི་ནད་དེ་མི་དར་མ་དང་བསྡུར་ན། མངོན་གསལ་གྱི་ནད་རྟགས་ཅི་ཡང་མེད་པ་རེད། དེས་ན་བྱིས་པར་རྒྱུན་སྲོལ་གྱི་ཁྲག་ཚིལ་ཞིབ་བཤེར་བྱེད་དགོས་སམ་ཞེ་ན། མིག་སྔར་ཆེད་ལས་མཁས་པ་མང་པོས་དེ་ལ་མི་འཐད་པའི་བསམ་ཚུལ་བསྟན། ཁོ་ཚོས་བལྟས་ན་བྱིས་པ་ཡོད་ཚད་ལ་ཁྲག་ཚིལ་ཞིབ་བཤེར་བྱེད་པ་ནི་ཁྲག་ཚིལ་མཐོ་བའི་ནད་དང་སྙིང་ཁམས་ཁྲག་རྩའི་ནད་རིགས་ངོས་འཛིན་བྱེད་པའི་བྱེད་ཐབས་ལེགས་པོ་ཞིག་མིན་པར་སྙམ། དེའི་རྒྱུ་མཚན་ནི་ཁྲག་སྐྱོ་མཁྲིས་རྩི་ཇེ་མཐོར་བྱིན་པའི་བྱིས་པ་ཚང་མ་དར་མའི་སྐབས་སུ་ཁྲག་ཚིལ་མཐོ་བའི་ནད་དུ་འགྱུར་སྲིད་པའི་ངེས་པ་མེད་པས་ཡིན། དུས་མཚུངས་སུ་ཞིབ་བཤེར་མང་པོ་བྱས་ན་བྱིས་པ་དང་ཁྱིམ་བདག་གི་སེམས་ཁམས་མི་བདེ་བར་གཏོང་སྲིད། དེ་ལས་གཞན། མིག་སྔར་བྱིས་པར་འཚམ་པའི་ཁྲག་ཚིལ་སྙོམས་བྱེད་ཀྱི་ཕན་ནུས་ལྡན་ཞིང་བདེ་འཇགས་ཀྱི་སྨན་ཞིག་མེད་པར་མ་ཟད། དར་མའི་དུས་སུ་སྙིང་ཁམས་ཁྲག་རྩའི་ནད་རིགས་འབྱུང་ཚད་དང་འཆི་ཚད་ཇེ་ཉུང་དུ་གཏོང་མི་ཐུབ་ཅིང་། ཁྲག་ཚིལ་ཞིབ་བཤེར་ལས་བྱིས་པར་ཁྲག་ཚིལ་སྙོམས་བྱེད་ཀྱི་སྨན་མང་དུ་འཐུང་བར་བྱེད་པས། མིག་སྔར། ཆེད་མཁས་པ་མང་པོས་བྱིས་པའི་ཁྲག་ཚིལ་ལ་གདམ་གསེས་རང་བཞིན་གྱི་ཞིབ་བཤེར་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད།

ལོ་གཉིས་ལ་མ་བུད་པའི་བྱིས་པར་ཁྲག་ཚིལ་ཞིབ་བཤེར་མི་བྱེད་པའི་གྲོས་གཞི་བཏོན། ལོ་གཉིས་ནས་ལོ་བརྒྱད་བར་གྱི་བྱིས་པ་དང་། ལོ་བཅུ་གཉིས་ནས་ལོ་བཅུ་གསུམ་བར་གྱི་ན་གཞོན་ལོ་ཆུང་ལ་གདམ་གསེས་རང་བཞིན་གྱི་ཁྲག་ཚིལ་ཞིབ་བཤེར་བྱེད་པའི་གྲོས་གཞི་བཏོན། ཁྲག་ཚིལ་མཐོ་བའི་རྒྱུད་ཡོད་པ་དང་ཕ་མ་གཉིས་ཀྱི་མཁྲིས་རྒྱུ་གཤེར་རྩི་མཐོ་ཞིང་ཁྲག་ཚིལ་རྒྱུན་ལྡན་མིན་པ་དང་། གཅིན་སྙི་ཟ་ཁུ་དང་ཁྲག་ཤེད་མཐོ་བ། མིག་སྔར་དུ་བ་འཐེན་པའམ་ནད་བྱུང་བའི་བྱིས་པའི་ཁྲག་ཚིལ་རྒྱུན་ལྡན་མིན་པ་སོགས་དང་། དེ་མིན་དལ་ལངས་རང་བཞིན་གྱི་ནད་རིགས་སྟེ་དཔེར་ན་སྤྱང་རྨ་དམར་ཁྲ་དང་ལོ་གཞོན་གྱི་གྲུམ་ནད། མཁལ་མའི་རྟགས་འདུས་ནད་སོགས་ཡོད་པ་ལ་གདམ་གསེས་རང་བཞིན་གྱི་བརྟག་དཔྱད་བྱེད་དགོས། ལོ་དགུ་ནས་ལོ་བཅུ་གཅིག་བར་དང་ལོ་བཅུ་བདུན་ནས་ལོ་བཅུ་དགུ་བར་གྱི་ན་གཞོན་ལོ་ཆུང་རྣམས་ལ་རྒྱུན་སྲོལ་ཁྲག་ཚིལ་ཞིབ་བཤེར་བྱེད་པའི་གྲོས་གཞི་བཏོན་ཡོད།

སྨན་རྫས་ཀྱིས་གསོ་བཅོས་བྱེད་སྐབས་བྱིས་པའི་འཚར་སྐྱེ་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།

ཁྲག་ཚིལ་ཆེས་རྒྱུན་ལྡན་མིན་པའི་བྱིས་པ་དང་ན་གཞོན་ལོ་ཆུང་དག་ལ། ཆུང་དུས་ནས་བཟུང་སྙིང་ཁམས་ཁྲག་རྩའི་ནད་རིགས་འབྱུང་སྲིད་པས། ཁྲག་ཚིལ་ཇེ་དམར་གཏོང་བའི་ཚད་ལྡན་གྱི་གསོ་བཅོས་བྱེད་པ་དང་། ཁྲག་སྐྱོ་མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་བཏང་ནས། སྙིང་ཁམས་ཁྲག་རྩའི་ནད་རིགས་འབྱུང་བར་སྔོན་འགོག་བྱེད་དགོས།
ཟས་ཀྱི་གསོ་ཐབས། བཟའ་བཏུང་ཐད་ནས་མཉམ་འཇོག་བྱེད་པ་ནི་བྱིས་པ་དང་ན་གཞོན་ལོ་ཆུང་གི་ཁྲག་ཚིལ་རྒྱུན་ལྡན་མིན་པ་གསོ་བཅོས་བྱེད་པའི་རྨང་གཞི་ཡིན་པས། ཕན་ནུས་ཆེན་པོ་ལྡན། ཁྱད་པར་དུ་ཁྲག་ཚིལ་མཐོ་བའི་ནད་བྱུང་ཡོད་པའི་བྱིས་པར་ཟས་རིགས་ཀྱི་གསོ་ཐབས་སྤྱོད་རྒྱུ་ནི་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་ཡིན། མི་དར་མའི་ཟས་རིགས་ཀྱི་གསོ་བཅོས་བྱེད་ཐབས་ནི་ལུས་པོ་བདེ་ཐང་དང་ལུས་ཀྱི་ལྗིད་ཚད་དོ་མཉམ་པ་སྲུང་འཛིན་བྱེད་རྒྱུ་དེ་ཡིན། ན་གཞོན་ལོ་ཆུང་ལ་མཚོན་ན། དེའི་འཚར་སྐྱེ་ལ་གཞིགས་ནས་ཟས་ཀྱི་གསོ་བཅོས་བྱེད་ཐབས་སྤྱོད་པ་ནི་ཁྲག་ཚིལ་མཐོ་བ་ཇེ་དམའ་རུ་གཏོང་བའི་དུས་མཉམ་དུ་འཚོ་བཅུད་འདང་ཚིམ་པ་ཁག་ཐེག་བྱས་ཏེ། ལུས་པོ་འཚར་སྐྱེ་ལ་ཤུགས་རྐྱེན་མི་ཐེབས་པར་བྱེད་དགོས།

སྨན་གྱི་གསོ་ཐབས། ཁྲག་ཚིལ་ཅུང་ཙམ་རྒྱུན་ལྡན་མིན་པ་ལ། ཟས་ཀྱི་གསོ་ཐབས་སྤྱད་ན་ནད་པའི་ཁྲག་ཚིལ་རྒྱུན་ལྡན་དུ་གཏོང་ཐུབ། ཡིན་ན་ཡང་། ཁྲག་ཚིལ་ཆེས་རྒྱུན་ལྡན་མིན་པའི་ལོ་ཆུང་བྱིས་པར་ངེས་པར་དུ་བཟའ་བཏུང་ཕྱོགས་ལ་ཚོད་འཛིན་བྱེད་པའི་རྨང་གཞིའི་སྟེང་སྨན་འཐུང་ནས་གསོ་བཅོས་བྱེད་དགོས། ལོ་ཆུང་བྱིས་པའི་ཁྱད་ཆོས་ལ་གཞིགས་ཏེ། སྨན་གྱིས་གསོ་བཅོས་བྱེད་སྐབས་གཤམ་གྱི་དོན་ཚན་འགའ་ལ་མཉམ་འཇོག་དགོས། གཅིག སྨན་གང་འདོད་དུ་མི་འཐུང་བ། ཅིས་ཀྱང་སྨན་གྱི་གསོ་བཅོས་བྱེད་ཐབས་ལ་རྒྱུས་ལོན་གསལ་བོ་བྱེད་དགོས་པར་མ་ཟད་ཁྲག་ཚིལ་གསོ་བཅོས་ཆེད་ལས་ཚན་ཁག་གི་སྨན་པའི་ངག་བཀོད་ལ་ཉན་དགོས། གཉིས། བྱིས་པའི་ཁྲག་སྐྱོ་མཁྲིས་རྒྱུ་གཤེར་རྩི་ཧ་ཅང་མཐོ་བ་ཡིན་ན། སྨན་རྫས་ཀྱིས་གསོ་བཅོས་བྱེད་པའི་ལོ་ཚོད་ཇེ་ཆུང་དུ་གཏོང་ཆོག གསུམ། སྨན་རྫས་ཀྱིས་གསོ་བཅོས་བྱེད་པ་དང་ཆབས་ཅིག མུ་མཐུད་དུ་ཟས་རིགས་ཀྱི་གསོ་བཅོས་བྱེད་ཐབས་ཡང་སྤྱོད་དགོས། བཞི། སྨན་རྫས་ཀྱིས་གསོ་བཅོས་བྱེད་པའི་བྱིས་པ་དང་ན་གཞོན་ལོ་ཆུང་ལ་དུས་བཅད་ལྟར་སྨན་གྱི་ཕན་ནུས་ཐོན་ཡོད་མེད་ལ་ལྟ་ཞིབ་བྱེད་དགོས། སྨན་འཐུང་མགོ་བརྩམས་རྗེས་ཀྱི་གཟའ་འཁོར་དྲུག་ནས་ཟླ་གསུམ་རེའི་ནང་བསྐྱར་བཤེར་ཐེངས་རེ་བྱེད་པ་དང་། མཁྲིས་རྒྱུ་གཤེར་རྩི་དང་མངར་སྣུམ་སུམ་ཐེན་ལ་ཞིབ་བཤེར་བྱེད་པ། ལུས་ཀྱི་མཐོ་ཚད་དང་ལྗིད་ཚད་མཇལ་བ་སོགས་བྱས་ཏེ། སྨན་རྫས་ཀྱི་ཞོར་སྐྱོན་ལ་ལྟ་ཞིབ་བྱེད་དགོས་ལ། སྨན་རྫས་ཀྱི་གསོ་བཅོས་ལ་ཕན་ནུས་ཐོན་ཡོད་ཚེ། ཟླ་དྲུག་ནས་ལོ་གཅིག་གི་ནང་ཞིབ་བཤེར་ཐེངས་རེ་བྱེད་ཆོག་པ་ཡིན།
 

ལོ་ཙཱ་བ། འབྲུག་མོ།


 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།