$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.06.13 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

སྨན་པ་དང་ནད་པ་སུ་ཞིག་ཡིན་རུང་སྐྲན་ནད་ནི་ནད་རིགས་ངན་པ་ཞིག་ལ་བརྩི་བཞིན་ཡོད་པས། གསོ་བཅོས་ཀྱི་སྐབས་སུའང་ཉེན་ཁ་ཅི་འདྲའི་ཆེ་རུང་གཤགས་བཅོས་བྱས་ནས་རྩ་བ་ནས་ལེན་བཞིན་ཡོད། དོན་དངོས་སུ་དེ་ནི་ནད་ཐོག་གི་གསོ་བཅོས་བྱེད་ཐབས་བཟང་པོ་ཞིག་མ་རེད། འབྲས་ནད་ནི་ལུས་ཡོངས་རང་བཞིན་གྱི་ནད་རིགས་ཤིག་ཡིན་པས། སྐབས་འགར་དཀའ་ཁག་ཆེ་བའི་གཤགས་བཅོས་ཀྱི་རིགས་སམ་ཡང་ན་ལག་རྩལ་གསར་བའི་རིགས་གང་འདོད་དུ་སྤྱད་ན། ནད་པར་ཕན་པ་མེད་པར་མ་ཟད། ཐ་ན་ཚེ་སྲོག་ཀྱང་འཕྲོག་པའི་མཇུག་འབྲས་འབྱུང་སྲིད། དེ་བས་དེང་སྐབས་སྐྲན་ནད་ཀྱི་རིགས་གཤགས་བཅོས་མི་བྱེད་པའི་བསམ་ཚུལ་འདོན་བཞིན་པའི་སྐབས་འདིར། ནད་པའི་འཚོ་བའི་རྒྱུ་སྤུས་ལ་ལྷག་ཏུ་དོ་སྣང་བྱེད་དགོས། འབྲས་ནད་ནི་བཅོས་ཐབས་མེད་པའི་ནད་ཅིག་མིན་པས། དེ་མ་ཐག་གཤགས་བཅོས་མི་བྱེད་པར་དལ་བའི་རང་བཞིན་གྱི་ནད་རིགས་ཏེ་དཔེར་ན། ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙིའི་ནད་བཞིན་དུ་འོས་འཚམ་གྱིས་གསོ་བཅོས་བྱེད་དགོས།

སྐྲན་ནད་གསོ་བཅོས་བྱེད་པར་དེང་སྐབས་གནས་གཅིག་ཏུ་བྱེད་ཆོག་སྟེ། སྔོན་ཆད་ནང་བཞིན་ཁབ་རྒྱག་ན་ནད་ཁང་དུ་འགྲོ་དགོས་པ་དང་། སྒྲ་འདས་བརྟག་དཔྱད་བྱེད་པར་འཕྲོ་འོད་འཕྲོ་ཚན་ཁག་ཏུ་འགྲོ་དགོས་པ། འགྱེད་བཅོས་བྱེད་པར་འགྱེད་བཅོས་ཚན་ཁག་ཏུ་འགྲོ་བ་སོགས་གཏན་ནས་བྱེད་མི་དགོས་པ་རེད། རྗེས་ཕྱོགས་ཀྱི་གསོ་བཅོས་ཁ་ཕྱོགས་ནི་ནད་པ་ནད་ཁང་གི་སྒོའི་ཕྱི་རུ་འགྲོ་མི་དགོས་པར་ནད་ཁྲིའི་སྟེང་བསྡད་དེ། Bསྒྲ་རླབས་སོགས་ལ་བརྟག་དཔྱད་བྱེད་པ་དང་། དབུགས་བྲང་ལ་ཁུང་བུ་རྟོལ་བ། རིལ་རྡུལ་འོད་འཕྲོ། ནུ་རྨེན་ལ་གཤགས་བཅོས་བྱེད་པ་དང་། སེམས་ཁམས་བློ་འདྲི་སོགས་གང་ཡིན་ཡང་སྨན་པས་ནད་པ་བསྐོར་བ་ལས་ནད་པ་སྨན་པ་བཙལ་དུ་གཏན་ནས་འགྲོ་མི་དགོས།

དུས་རྒྱུན་གྱི་འཚོ་བའི་ཁྲོད་གཤམ་གྱི་སྐྲན་ནད་ཀྱི་ཉེན་ཁའི་སྔོན་བརྡ་བཅུ་གཉིས་པོ་འདིར་དོགས་ཟོན་བྱ་དགོས་ཏེ།

གཅིག ལུས་ཀྱི་གནས་གང་རུང་དུ་རྒྱུ་རྐྱེན་མེད་པར་སྐྲངས་འབུར་འབྱུང་བར་མ་ཟད། སྐྲངས་འབུར་དེ་རིམ་གྱིས་ཇེ་ཆེར་འགྲོ་བ། གཉིས། སྐྱི་པགས་སྨུག་པོར་གྱུར་ནས་ཡུན་རིང་འགོར་བ། གསུམ། སྨེ་བ་ནག་པོ་གློ་བུར་དུ་ཇེ་ཆེ་དང་སྲ་མོར་གྱུར་ནས་ཁྲག་བཞུར་བ། བཞི། སྐྱེས་ལམ་ནས་དུས་ངེས་མེད་དུ་ཁྲག་བཞུར་བ། ལྔ། ཟས་རིགས་སོགས་མིད་དཀའ་བ། དྲུག སྐམ་ལུ་བྱས་ནས་ཡུན་རིང་འགོར་བའམ་ཁྲག་ལུ་བ། བདུན། ཟས་མི་འཇུ་བ་དང་གསུས་སྟོད་མ་བདེ་བར་ཡུན་རིང་འགོར་བ། བཤང་བའི་ནང་དུ་ཁྲག་འདྲེས་པ། བརྒྱད། སྐད་ཡང་ཡང་འགག་པ། དགུ། ན་ཟུག་མེད་པར་གཅིན་པའི་ནང་དུ་ཁྲག་འདྲེས་པ། བཅུ། བཤང་གཅི་ནང་དུ་ཁྲག་འདྲེས་པའམ་བཤང་གཅི་འདོར་མི་ཐུབ་པ། བཅུ་གཅིག རྣ་འུར་བ་དང་རྣས་དེ་འདྲ་མི་གོ་བ། སྣ་འཚུབ་པ། མགོ་ན་བ། བཅུ་གཉིས། རྒྱུ་རྐྱེན་ཅི་ཡིན་མེད་པར་ལུས་སྐེམ་པ་བཅས་ཡིན།

གཤམ་གྱི་གནས་ཚུལ་འདི་དག་ལ་བརྟག་ནའང་འབྲས་ནད་བྱུང་ཡོད་མེད་ཤེས་ཐུབ་སྟེ། གཅིག ཁྲག་དང་བཤང་གཅི་ལ་རྒྱུན་སྲོལ་བརྟག་དཔྱད་བྱས་ན་འབྲས་ནད་བྱུང་ཡོད་མེད་ཤེས་ཐུབ་པ་དང་། ལྷག་པར་དུ་ཁྲག་གི་རྒྱུན་སྲོལ་རྒྱུན་ལྡན་མིན་ན་ཁྲག་རྒྱུན་མ་ལག་གི་སྐྲན་ནད་ཀྱི་མངོན་རྟགས་ཡིན། གཉིས། མཆིན་པ་དང་མཁལ་མའི་བྱེད་ལས་ལ་བརྟག་དཔྱད་བྱས་ན་མཆིན་པ་དང་མཁལ་མའི་བྱེད་ལས་རྒྱུན་ལྡན་མིན་པ་ཤེས་ཐུབ་ཅིང་། དལ་བའི་རང་བཞིན་གྱི་མཆིན་ཚད་དང་མཆིན་པ་སྲ་འགྱུར་བྱུང་ཡོད་པའི་ནད་པས་ངེས་པར་དུ་བརྟག་དཔྱད་བྱེད་དགོས། གསུམ། སྐྲན་ནད་ཀྱི་རྟགས་མཚན་ལ་གཞན་བརྒྱུད་རང་བཞིན་གྱི་སྣེ་སྟོན་གྱི་ནུས་པ་ཙམ་ཡོད་མོད། དེ་ལ་ཁྱད་པར་ཅན་གྱི་ནུས་པ་མེད། བཞི། བྲང་གནས་དཔར་བླངས་ན་གློ་བའི་གནས་ཚུལ་ཤེས་ཐུབ་ལ། རབ་ཡིན་ན་མདུན་དང་གཡས་གཡོན་ཐམས་ཅད་ནས་བླངས་ན་བཟང་བ་དང་ཐ་མག་འཐེན་མཁན་གྱི་ངེས་པར་དུ་གློ་བར་བརྟག་དཔྱད་བྱེད་དགོས། ལྔ། གསུས་ཐོག་ཏུ Bསྒྲ་རླབས་ཀྱིས་བརྟག་དཔྱད་བྱས་ན་གསུས་པའི་གནས་ཀྱི་དོན་སྣོད་ཀྱི་གནས་ཚུལ་ཤེས་ཐུབ་པས། དལ་བའི་རང་བཞིན་གྱི་མཆིན་ཚད་དང་མཆིན་པ་སྲ་འགྱུར་གྱི་ནད་པས་ངེས་པར་དུ་བརྟག་དཔྱད་བྱེད་དགོས། དྲུག ཕོ་ཤེལ་ལས་ཕོ་བ་དང་མིད་པའི་གནས་ཚུལ་ཤེས་ཐུབ་ཅིང་། དུས་ཡུན་རིང་བོར་འཚོ་བར་ཆོས་ཉིད་མེད་པ་དང་། མང་བཟའ་མང་འཐུང་བྱེད་པ་སོགས་ཀྱི་མིས་ངེས་པར་དུ་བརྟག་དཔྱད་བྱེད་དགོས། བདུན། བཤང་སྒོར་བརྟག་དཔྱད་བྱས་ན་བཤང་འབྲས་བྱུང་ཡོད་མེད་ཤེས་ཐུབ་ཅིང་། དུས་ཡུན་རིང་བོར་བཤང་ཁྲག་ཡོང་བའམ་རྩ་ཡོང་བ་རྒྱུན་ལྡན་མིན་ན་ངེས་པར་དུ་བརྟག་དཔྱད་བྱེད་དགོས།
 

ལོ་ཙཱ་བ། འབྲུག་མོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།