སོ་འབལ་བའི་སྔོན་དུ་ཟས་མང་པོ་ཟ་མི་རུང་། ཟ་མ་ཟོས་རྗེས་ཧ་ལམ་དུས་ཚོད་གཅིག་གི་རྗེས་སུ་ད་གཟོད་སོ་འབལ་ཆོག ལྟོ་སྟོང་དུ་སོ་བལ་ནའང་མི་བཟང་སྟེ། ཁྲག་མངར་ཇེ་དམར་འགྲོ་བ་དང་དྲན་མེད་དུ་བརྒྱལ་བ་སོགས་མི་ལེགས་པའི་གནས་ཚུལ་འབྱུང་ངེས། སོ་འབལ་བའི་སྔོན་དུ་ཆང་འཐུང་མི་རུང་བ་དང་། མ་མཐའ་ཡང་སོ་འབལ་བའི་ཉིན་དེར་ཆང་གཏན་ནས་འཐུང་མི་རུང་། འགུལ་སྐྱོད་བྱས་རྗེས་ཀྱང་སོ་འབལ་མི་རུང་སྟེ། འགུལ་སྐྱོད་བྱས་རྗེས་ཁྲག་གི་འཁོར་སྐྱོད་ཇེ་མགྱོགས་སུ་སོང་ནས་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད།
སོ་བལ་རྗེས་དེ་མ་ཐག་ཆུ་ཚ་མོའི་ནང་དུ་ལུས་པོ་བཀྲུ་མི་རུང་། དེ་ལྟར་བྱས་ན་རྨ་ཁ་ལས་ཁྲག་བཞུར་བའི་ཉེན་ཁ་ཆེ། སོ་བལ་རྗེས་གཉིད་འདང་ཚིམ་པ་ཞིག་ལོག་ཆོག སོ་བལ་རྗེས་ཀྱི་དུས་ཚོད་གཉིས་འགོར་རྗེས་ད་གཟོད་ཟ་མ་ཟོས་ཆོག་ལ། ཐོག་མར་ཟས་སྲ་མོའི་རིགས་དང་ཚ་མོའི་རིགས་ཟ་མི་རུང་ཞིང་། སོ་བལ་བའི་ཉིན་དེར་སྐད་ཆའང་ཉུང་ན་བཟང་། ད་དུང་སོ་བཀྲུ་མི་རུང་ཞིང་འགུལ་སྐྱོད་དྲག་པོའང་བྱེད་མི་རུང་། རྨ་ཁའི་སྟེང་དུ་ལྕེ་ལྡག་བྱེད་པ་དང་འཇིབ་པ་སོགས་གཏན་ནས་བྱེད་མི་རུང་བར། གཉན་ཁ་གཅོག་པ་དང་ན་ཟུག་འཇོམས་པའི་སྨན་རེ་འཐུང་ན་བཟང་།
ལོ་ཙཱ་བ། འབྲུག་མོ།