$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.06.14 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

སྨན་རྫས་ཀྱི་རིན་གོང་ཇི་ལྟར་ཆེ་ན་དེ་ལྟར་ཕན་པ་དང་། ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་སྨན་རྫས་དེ་རང་རྒྱལ་ལས་བཟང་བ། སྨན་གསར་བ་རྣམས་རྙིང་བ་ལས་ཕན་ནུས་ཆེ་བར་འདོད་པ་རྣམས་ནི་ནོར་འཁྲུལ་གྱི་བསམ་བློ་ཤ་སྟག་ཡིན། དེ་བས་ནད་པས་ངེས་པར་དུ་སྨན་པས་མཛུབ་སྟོན་འོག་སྨན་བསྟེན་པ་ལས། གང་འདོད་ལྟར་སྨན་གསར་བ་དང་སྨན་རྩ་ཆེན་དག་ཉོ་བ་སོགས་བྱེད་མི་རུང་། སྨན་རྫས་ཀྱི་རིན་གོང་ཇི་ལྟར་ཆེ་ན་ཕན་ནུས་དེ་ལྟར་བཟང་བའི་ངེས་པ་མེད་པར་མ་ཟད། ད་དུང་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་སྨན་རྫས་ཁ་ཤས་ཤིག་རྒྱལ་ནང་ནས་བཀོལ་སྤྱོད་བྱེད་པའི་ནད་དཔེ་དང་སྨན་རྫས་རྙིང་བ་རྣམས་དང་བསྡུར་ན་ཧ་ཅང་ཉུང་བས། སྨན་རྫས་ཀྱི་མི་མངོན་པའི་ཞོར་སྐྱོན་དེ་ཤེས་དཀའ་བ་རེད།

ནད་ཐོག་གི་ལག་ལེན་ལས། སྨན་རྫས་རྙིང་བའམ་ཡང་ན་གསར་བ་གང་ཡིན་རུང་། དེ་ལ་ཁྲག་ཤེད་གཅོག་པའི་ནུས་པ་ཡོད་པ་དང་། སྨན་འདྲེད་རང་ཞིན་མེད་པ། ཁྲག་ཤེད་མཐོ་བ་ལས་བསླངས་པའི་ཀླད་སྙིང་ཁྲག་རྩའི་ནད་དང་མཁལ་མར་ཕན་པ། བསྟེན་ཐབས་བདེ་བ། ཞོར་སྐྱོན་ཆེན་པོ་མེད་པ་ཞིག་ཡིན་ཚེ། དེ་ཉིད་སྨན་མཆོག་ཅིག་ཏུ་བརྩིས་ཆོག

ནད་པ་རེ་རེར་མཚོན་ན། ཁྲག་ཤེད་མར་འབབ་པ་དང་ཚོད་འཛིན་བྱེད་པའི་ནུས་པ་ལྡན་པ་དང་དུས་ཡུན་རིང་བོར་བསྟེན་ཆོག་པའི་སྨན་ཞིག་ཡིན་ཚེ་ཁྲག་ཤེད་གཅོག་པའི་སྨན་ཆེས་བཟང་བོ་ཡིན།

དོ་སྣང་བྱེད་དགོས་པ་ཞིག་ནི། སྨན་རྫས་ལ་ལའི་མིང་གསར་བ་ཡིན་རུང་། དོན་དངོས་སུ་སྔོན་ཆད་རྒྱུན་དུ་འཐུང་བཞིན་པའི་སྨན་དང་གཅིག་འདྲ་ཡིན་པའང་ཡོད་དེ། དཔེར་ན། ཡ་ཧྲི་ཏ(雅施达 )དང་ལོ་ཏེན་ཞིན(洛汀新)། མིན་ནོ(蒙诺)། པིས་ལིས་ན(必利那)། ཁེ་པོ་ཐུང(开搏通)བཅས་ཚང་མ་ནི་སྨན་རྫས་རིགས་གཅིག་ཡིན། སྨན་རྫས་ལ་ལ་མི་མང་ཆེ་བར་ཧ་ཅང་ཕན་མོད། ཡིན་ནའང་མི་ལ་ལར་མི་འཕྲོད་པའང་ཡོད། སྨན་རྫས་ཡ་ཧྲི་ཏ(雅施达 )ལྟ་བུར་མཚོན་ན་སྙིང་དང་ཀླད་པ། མཁལ་མ་བཅས་སྲུང་སྐྱོབ་བྱེད་ཐུབ་པའི་སྨན་རྫས་བཟང་བོ་ཞིག་ཡིན་མོད། འོན་ཀྱང་མཁལ་མའི་ནུས་པ་ཉམས་པའི་ནད་པས་སྨན་རྫས་དེ་གཏན་ནས་འཐུང་མི་རུང་།

དེ་ལས་གཞན། རྩྭ་སྨན་ལ་ཁྲག་ཤེད་གཅོག་པའི་ནུས་པ་ངེས་ཅན་ལྡན་མོད། འོན་ཀྱང་མིག་སྔར་ཁྲག་ཤེད་གཅོག་པའི་གསོ་བཅོས་ཐད་ནུབ་ལུགས་ཀྱི་སྨན་རྫས་དང་བསྡུར་ཐབས་མེད་པ་རེད། རྩྭ་སྨན་ཕྱོགས་ཀྱི་རྒྱུན་མཐོང་གི་ཁྲག་ཤེད་གཅོག་པའི་སྨན་རྫས་ལ་ཨན་གོང་ཅང་ཡ་བན(安宫降丸)དང་ཧྥུའུ་ཧྥང་ལེན་ཅོ་ཅང་ཡ་ཕེན(复方羚角降压片)། ཅང་ཡ་བན(降压丸)། ཅུས་མེན་ཅང་ཡ་ཕེན (菊明降压片)། ཉིག་ཧོང་ཅང་ཡ་བན་(牛黄降压丸)སོགས་ཡོད།

ཁྲག་ཤེད་གཅོག་པའི་སྨན་ལ་ནུབ་ལུགས་ཀྱི་སྨན་རྫས་དང་རྩྭ་སྨན་སོགས་མང་པོ་ཡོད་མོད། འོན་ཀྱང་ཁྲག་ཤེད་མཐོ་བའི་ནད་པས་ངེས་པར་དུ་སྨན་པས་མཛུབ་སྟོན་ལྟར་སྨན་འཐུང་བ་ལས་གང་འདོད་དུ་འཐུང་མི་རུང་ལ། སྨན་མ་འཐུང་གོང་དུ་རབ་ཡིན་ན་ཁྲག་ཤེད་ལ་བལྟས་ན་བཟང་། སྨན་འཐུང་ཞོར་དུ་འགུལ་སྐྱོད་འོས་འཚམ་བྱེད་པ་དང་ངལ་བཟང་བོ་གསོ་བ། སྣུམ་ཞགས་དེ་འདྲ་མི་ཆེ་བའི་བཟའ་བཏུང་གི་རིགས་བསྟེན་པ་དང་། ཚྭ་ཉུང་ཉུང་བསྟེན་པ། ལུས་ལ་ཚོ་འབུད་དུ་མི་འཇུག་པ་བཅས་བྱེད་དགོས།
 

ལོ་ཙཱ་བ། འབྲུག་མོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།