$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.06.17 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

བྱིས་པ་རློན་ནུར་ཐོག་མར་ནུ་སོ་སྐྱེས་པའམ་ཡང་ན་སོ་བརྗེས་ནས་སྲ་ཞིང་བརྟན་པའི་སོ་རྐང་རེ་རེ་སྐྱེས་དུས་བྱིས་པ་དང་ཕ་མར་དགའ་སྤྲོ་ཆེན་པོ་སྐྱེས་ངེས། ཡིན་ནའང་ཆེས་མཐའ་མའི་བསམ་སོ་སྐྱེས་དུས་སེམས་ཁུར་ཆེན་པོར་གཏད་ངེས་ཏེ། དེ་ལ་ན་ཟུག་ཡོད་པས་སྨན་ཁང་དུ་འགྲོ་དགོས་པའང་ཡོད།

གདོད་མའི་མི་རྣམས་ཀྱིས་བཟའ་བཏུང་ངན་ངོན་ནམ་སྲ་མོ་དང་རགས་མོའི་རིགས་བསྟེན་དགོས་པས། ཅུང་མི་འགོར་བར་སོ་ལ་གནོད་སྐྱོན་ཐེབས་ནས་ཐོར་བའི་གནས་ཚུལ་ཡང་འབྱུང་སྲིད་པས། རང་བྱུང་ཁམས་ཆེན་མོས་མི་རྣམས་ལ་འདི་འདྲའི་སོ་ལྷག་མ་ཞིག་གནང་བ་དེ་ནི། འགྲམ་སྦུག་ཏུ་སྐྱེས་པའི་བསམ་སོ་རེད།

བསམ་སོ་སྐྱེས་དུས་གཞན་པའི་སོ་སྐྱེས་པ་དང་མི་འདྲ་ས་དེ་འདྲ་མེད་མོད། བསམ་སོ་སྐྱེས་འཕྱི་བའམ་སྐྱེས་སའི་གནས་ཅུང་མི་འདྲ་བས་གནད་དོན་རབ་དང་རིམ་པ་ཞིག་བྱུང་བ་རེད། བསམ་སོ་དེ་ཅུང་ཙམ་སྐྱེས་རྗེས་ཡང་སྐྱེས་མཚམས་བཞག་ནས་མང་ཆེ་བ་ཤ་གསེང་ནས་ཡར་འབུད་མི་ཐུབ་པས། སྐབས་དེར་སོའི་མཐའ་འཁོར་དུ་གཉན་ཚད་རྒྱས་ནས་ཁ་གདངས་མི་ཐུབ་པར་མ་ཟད། ལུས་ཡོངས་སུ་ཚ་རྒྱས་པ་དང་ཐང་ཆད་པ་སོགས་འབྱུང་།

བསམ་སོའི་སོ་མཐའི་གཉན་ཚད་ངོས་འཛིན་པར་ཧ་ཅང་སྟབས་བདེ། ནད་པའི་ཐོག་མའི་ལོ་ཚོད་ནི་ཧ་ལམ་ལོ་ཉི་ཤུ་ནས་སུམ་ཅུའི་བར་ཡིན། ནད་རྟགས་ལ་ཁའི་ཡ་མགལ་དང་མ་མགལ་གྱི་སྦུག་ངོས་སུ་དམར་སྐྲངས་ཆགས་ནས་ན་ཟུག་ལངས་པ་དང་། ཁ་གདངས་མི་ཐུབ་པ། ལུས་ཡོངས་མི་བདེ་བ་དང་ཚ་རྒྱས་སྲིད། དེའི་སྐབས་སུ x གློག་པར་བླངས་ན་བསམ་སོ་སྐྱེས་མི་ཐུབ་པའི་གནས་དང་མཐའ་འཁོར་གྱི་སོའི་གནས་ཚུལ་ཤེས་ཐུབ། ཚབས་ཆེ་བའི་སྐབས་སུ་ཁྲག་རིགས་ཕྲ་ཕུང་གི་རྒྱུན་སྲོལ་བརྟག་དཔྱད་བྱས་ན་རེད་པའི་ཚད་ཤེས་ཐུབ།

མྱུར་བའི་རང་བཞིན་གྱི་བསམ་སོའི་སོ་མཐའི་གཉན་ཚད་གསོ་བཅོས་བྱེད་པར་གནས་གཅིག་ཏུ་གསོ་བཅོས་བྱེད་པ་དང་ལུས་ཡོངས་རང་བཞིན་གྱི་གསོ་བཅོས་བྱེད་པ་བཅས་རིགས་གཉིས་ཡོད། ཆེས་ཐོག་མའི་སྐབས་ཏེ། ཅུང་ཟད་སྐྲངས་པའམ་ན་བའི་སྐབས་སུ་རང་ཁྱིམ་ནས་གསོ་བཅོས་བྱེད་ཆོག་སྟེ། དཔེར་ན། སོ་བཀྲུ་བ་དང་། ལྷག་པར་དུ་ན་བའི་གནས་དེ་བཀྲུ་དགོས། ཡང་ན་ཁ་བཤལ་བ་སོགས་བྱས་ནའང་ཆོག གལ་ཏེ་དེ་ལྟར་བྱས་ཀྱང་ཕན་མི་ཐོགས་ན་མྱུར་དུ་སྨན་ཁང་དུ་སོང་ནས་སྨན་པས་མཛུབ་སྟོན་འོག་གནས་གཅིག་ཏུ་གསོ་བཅོས་བྱེད་པའི་བྱེད་ཐབས་སྤྱོད་དགོས། སྤྱིར་གཟའ་འཁོར་གཅིག་ཡས་མས་འགོར་ན་ཇེ་དགར་ཡོང་ཐུབ།

འབལ་དགོས་པའི་བསམ་སོ་ལ་རིགས་གསུམ་ཡོད་དེ། རིགས་དང་པོ་ནི་ནད་འགྱུར་བྱུང་ཡོད་པ་སྟེ། འབུས་ཟོས་པའི་སོ་དང་སོ་མཐའི་གཉན་ཚད་ལྟ་བུ་ཡིན། རིགས་གཉིས་པ་ནི་ཉེ་འཁོར་གྱི་སོ་ལ་ཤུགས་རྐྱེན་ཐེབས་པ་དེ་ཡིན། རིགས་གསུམ་པ་ནི་སོ་དྲང་མོར་སྐྱེས་མེད་པ་དེའི་རིགས་ཡིན།
 

གོང་གི་ཤེས་བྱ་འདི་དག་མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་གིས་འདོན་སྤྲོད་བྱས་པ་ཡིན།

ལོ་ཙཱ་བ། འབྲུག་མོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།