$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.06.24 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

ལོ་རེ་རེའི་ལུས་ཕུང་བརྟག་དཔྱད་བྱེད་པའི་སྐབས་སུ། ནུ་མའི་གཤེར་རྨེན་ནད་བྱུང་བའི་ནད་པ་ཇེ་མང་ནས་ཇེ་མང་དུ་གྱུར་བ་དང་བསྟུན་ནས། ནུ་མའི་གཤེར་རྨེན་ལ་སྒྲ་འདས་བརྟག་དཔྱད་བྱེད་པ་དེ་ཡང་རིམ་གྱིས་རྒྱུན་སྲོལ་གྱི་བརྟག་དཔྱད་ཅིག་ཏུ་གྱུར་ཡོད། འོན་ཀྱང་དུས་སྐབས་འདིར། ལུས་ཕུང་བརྟག་དཔྱད་བྱས་པའི་མཇུག་འབྲས་བཟུང་ནས་བློ་འདྲི་བྱེད་དུ་ཡོང་བའི་ནད་པ་སྔོན་ལས་ཇེ་མང་ཡིན་པ་དང་། དེའི་ཁྲོད་ཀྱི་ནད་པ་མང་པོ་ཞིག་གིས་ནུ་མའི་གཤེར་རྨེན་ཆེར་རྒྱས་པར་སེམས་ཁུར་དང་སྡུག་བསྔལ་བྱེད་ཀྱིན་ཡོད།

མི་སྔར་ལས་མང་པོ་ཞིག་གིས་ལུས་ཕུང་ལ་བརྟག་དཔྱད་བྱས་རྗེས། སྨན་པས་ནུ་མའི་གཤེར་རྨེན་ཆེར་རྒྱས་པར་ངོས་འཛིན་གྱིན་ཡོད། དེའི་བསྡུད་ཚད་ཐ་ན་བརྒྱ་ཆའི་དགུ་བཅུར་བུད་ཡོད་པས། ང་ཚོས་བསམ་གཞིགས་བྱེད་དགོས་པའི་གནད་དོན་ཞིག་མ་ཡིན་ནམ། ནད་རིགས་ཤིག་ཧ་ལམ་མི་ཚང་མར་བྱུང་ཡོད་པའི་དུས་སུ། དེ་ཉིད་ནད་ཅིག་ཏུ་བརྩི་དགོས་སམ། དོན་དངོས་སུ། དར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོའི་ནད་ཐོག་ཏུ་ནུ་མའི་གཤེར་རྨེན་ཆེར་རྒྱས་པའི་ནད་ཅིག་མེད་ལ། ནུ་མའི་གཤེར་རྨེན་ཆེར་རྒྱས་པའི་ངོས་འཛིན་དེ་ན་ལུགས་རིག་པའི་སྟེང་གི་མིང་ཚིག་ཁོ་ནར་གྱུར་ཡོད་པ་རེད། གཤགས་བཅོས་བྱེད་པའམ་ཁུང་བུ་བརྟོལ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ནུ་མའི་གཤེར་རྨེན་གྱི་ཕུང་གྲུབ་བླངས་རྗེས་ད་གཟོད་ནུ་མའི་གཤེར་རྨེན་ཆེར་རྒྱས་པ་ཤེས་ཐུབ། དེ་མ་གཏོགས་སྒྲ་འདས་བརྟག་དཔྱད་སོགས་ལ་བརྟེན་ནས་ནུ་མའི་གཤེར་རྨེན་ཆེར་རྒྱས་པར་ངོས་འཛིན་མི་ཐུབ།

ནུ་མའི་གཤེར་རྨེན་ཆེར་རྒྱས་པ་དེ་མ་གཞི་ནས་སྐྱེ་ལུགས་ཀྱི་སྣང་ཚུལ་ཞིག་ཡིན། ཟླ་རེ་རེའི་ཟླ་མཚན་འབབ་ཁར་བུ་སྣོད་ནང་སྐྱི་ཆེར་རྒྱས་པ་དང་། ཟླ་མཚམས་ཆད་རྗེས་རིམ་གྱིས་ཡལ་འགྲོ་བ་ནང་བཞིན། ནུ་མའི་གཤེར་རྨེན་དེའང་ཟླ་མཚན་འབབ་ཁར་ཆེར་རྒྱས་པ་དང་། ཟླ་མཚན་ཆད་རྗེས་ཞི་འཇགས་སུ་འགྲོ་བ་རེད། དེ་བས་བུད་མེད་ཀྱི་ནུ་མའི་གཤེར་རྨེན་ལ་བསམ་སེའུ་ཟགས་ཐོན་གྱི་མོ་གཤིས་སྐུལ་རྩིས་ཤུགས་རྐྱེན་ཐེབས་པ་ལས། ཟླ་མཚན་འབབ་པའི་དུས་འཁོར་རེ་རེར་སྐྱེ་ལུགས་རང་བཞིན་གྱིས་ཆེར་རྒྱས་པ་དང་སླར་སོས་པ་ཞིག་ཡིན་སྟབས། དེ་ནི་ན་ལུགས་ཀྱི་སྣང་ཚུལ་ཞིག་མིན་ཕྱིར་གསོ་བཅོས་བྱེད་མི་དགོས། ནད་ཐོག་ཏུ་སྤྱིར་སྐྲངས་རྡོག་ཅུང་ཆགས་པའམ་ཡང་ན་དུས་འཁོར་རང་བཞིན་གྱི་ན་ཟུག་ཅུང་ཆེ་ན་ནད་བརྟག་སྨན་བཅོས་བྱེད་དགོས།

མིག་སྔར་ཕྱི་རྒྱལ་ནས་ནད་རྟགས་མི་འདྲ་བ་མང་པོ་གཞིར་བཟུང་ནས། དུས་འཁོར་རང་བཞིན་གྱི་ནུ་མར་ན་ཟུག་ལངས་པ་དང་ནུ་མའི་གཤེར་རྨེན་གྱི་ཡང་བའི་རང་བཞིན་གྱི་སྐྲངས་རྡོག་ལ་ངོས་འཛིན་བཞིན་ཡོད།

དུས་འཁོར་རང་བཞིན་གྱི་ནུ་མར་ན་ཟུག་ལངས་པ་ནི་ཟླ་མཚན་འབབ་ཁའི་གཟའ་འཁོར་གཅིག་ནས་གཉིས་ཀྱི་ནང་དུ་ནུ་མར་ན་ཟུག་ལངས་པར་གོ་དགོས། རྒྱུན་པར་ནུ་མའི་གཞོགས་གཉིས་ན་བ་ཡིན། ནད་པ་ལ་ལར་ན་ཟུག་ཅུང་ཆེ་ཞིང་ན་ཡུན་ཅུང་རིང་ལ། རང་གི་ཁྱིམ་རྒྱུད་ལ་ནུ་མའི་སྐྲན་ནད་བྱུང་མྱོང་བའི་ལོ་རྒྱུས་ཡོད་པ་དང་། ནུ་མའི་གཤེར་རྨེན་གྱི་སྐྲངས་རྡོག་དེ་ཡང་དང་བསྐྱར་དུ་ཇེ་ཆེར་འགྱུར་བཞིན་ཡོད་ན། སྨན་ཁང་དུ་སོང་ནས་ནད་བརྟག་སྨན་བཅོས་བྱེད་དགོས།

ཀྲུང་ལུགས་སྨན་རྫས་ཀྱིས་ནུ་མའི་གཤེར་རྨེན་གྱི་ན་ཟུག་གཅོག་པ་དང་། ནུ་མའི་གཤེར་རྨེན་གྱི་གྲུབ་ཚུལ་འཁྲུག་པ། ཡང་བའི་རང་བཞིན་གྱི་སྐྲངས་རྡོག་ཇེ་ཆེར་འགྱུར་བར་ཚོད་འཛིན་དང་སྔོན་འགོག་བྱེད་པར་ཕན་ནུས་ཅུང་བཟང་པོ་ཡོད། དེར་གསོ་བཅོས་བྱེད་པར་ཕྱི་ནང་གཉིས་ཀྱི་གསོ་བཅོས་བྱེད་ཐབས་གཉིས་འདུ་བ་དང་། དེ་གཉིས་ཀར་རང་རང་གི་ཁྱད་ཆོས་ཡོད། འཐུང་བྱའི་སྨན་རྫས་ཀྱིས་ལུས་ཡོངས་སྙོམ་སྒྲིག་བྱེད་པར་ཕན་པ་དང་། ཕྱི་བཅོས་སྨན་རྫས་དེ་ཐད་ཀར་ནུ་མའི་གཤེར་རྨེན་ཡོད་སར་བྱུགས་ན་ཕན་ནུས་ཐོན་ཐུབ་ཅིང་ཞོར་སྐྱོན་ཡང་ཆུང་བ་ཡིན།

ནུ་མའི་གཤེར་རྨེན་ཆེར་རྒྱས་པ་སྔོན་འགོག་བྱེད་ན། རྒྱུན་པར་སེམས་ཁམས་སྙོམས་སྒྲིག་བྱས་ཏེ་སེམས་ལྷོད་པོར་གནས་པ་དང་། སྣུམ་ཞག་ཆེ་བའི་བཟའ་བཏུང་གི་རིགས་ཉུང་ཙམ་བསྟེན་པ། སྔོ་ཚོད་དང་སིལ་ཏོག་གི་རིགས་མང་པོ་ཟ་བ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པ། གཉིད་ཀྱིས་འདང་དགོས་པ། ལོ་རེར་ཉུང་མཐར་ཡང་སྨན་ཁང་དུ་སོང་ནས་ལུས་ཕུང་ལ་བརྟག་དཔྱད་ཐེངས་རེ་བྱེད་པ་བཅས་བྱེད་དགོས།
 

ལོ་ཙཱ་བ། འབྲུག་མོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།