ཕན་སྐྱེ་སྲིན་ནི་ལུས་པོར་ཕན་པའི་འབུ་ཕྲ་རབ་ཤིག་ཡིན་ཞིང་། དེ་མིའི་ལུས་སྟེང་གི་རྒྱུ་ལམ་དང་སྐྱེ་འཕེལ་མ་ལག་གི་ནང་དུ་གནས་ཤིང་། ལུས་པོར་ཕན་པའི་ནུས་པ་འདོན་ཐུབ། མིག་སྔར་ཚོང་རའི་ནང་དུ་ལུས་པོར་ཕན་པའི་སྲིན་སྨན་གྱི་རིགས་ཧ་ཅང་མང་། ཡིན་ནའང་མི་རྣམས་ཀྱིས་ལུས་པོར་ཕན་པའི་སྲིན་སྨན་སྣ་ཚོགས་ཀྱི་བསྟེན་ཐབས་མི་འདྲ་བ་དང་ཕན་ནུས་ཀྱང་མི་འདྲ་བ་ཡོད་པ་ཤེས་ཀྱིན་མེད།
རུའུ་མེ་ཧྲིན། (乳酶生)
རུའུ་མེ་ཧྲིན་ནི་ཟས་འཇུ་བར་ཕན་པའི་སྨན་ཐོ་མེད་པའི་སྨན་རྫས་རིགས་ཤིག་ཡིན། ནད་ཐོག་ཏུ་དེ་ཉིད་རྒྱུན་པར་ཟས་མི་འཇུ་བ་དང་ཁོག་པ་སྦོས་པ། བྱིས་པའི་ཟས་སྤྱོད་མ་འཚམས་པ་ལས་བྱུང་བའི་ཁོག་པ་བཤལ་བ་སོགས་གསོ་བཅོས་བྱེད་པར་བཀོལ་བཞིན་ཡོད། སྨན་དེ་ཟ་མའི་སྔོན་དུ་ཉིན་གཅིག་ལ་ཐེངས་གསུམ་རེ་བྱས་ནས་འཐུང་དགོས།
ཧྲོང་ཆི་ཀན་ཅུན་སྨན་ཐུམ།(双歧杆菌)
ཧྲོང་ཆི་ཀན་ཅུན (双歧杆菌)སྨན་ཐུམ་ནི་རྒྱུ་ལམ་གྱི་ནར་སྲིན་མང་པོས་བསྐྱེད་པ་ལས་བྱུང་བའི་རྒྱུ་མའི་ནུས་པ་ཇེ་ཞན་དང་། དལ་བའི་རང་བཞིན་གྱི་ཁོག་པ་བཤལ་བ། རྩ་སྐམ་པ་སོགས་ལ་ཕན་པའི་སྨན་ཞིག་ཡིན། སྨན་དེ་ཟ་མའི་རྗེས་སུ་འཐུང་དགོས། ནད་པ་རྣམས་ཀྱིས་དུས་ཡུན་རིང་བོར་དུག་སྲིན་འགོག་སྨན་འཐུང་ན། ཁོག་པ་བཤལ་བ་སོགས་འབྱུང་སྲིད།
མ་མུས་ཨེ།(妈咪爱)
མ་མུས་ཨེ(妈咪爱)ཞེས་པའི་སྨན་རྫས་དེ་ཟས་བཅུད་འཇུ་ལེན་བྱེད་པར་ཕན་ཞིང་། འཇུ་ལམ་གྱི་དུག་རྒྱུའི་རིགས་ཚོད་འཛིན་བྱས་ཏེ་འབུ་ཕྲའི་རིགས་དོ་མི་མཉམ་པ་སྙོམས་པར་བྱེད་ཐུབ། དེའི་ནང་དུ་ད་དུང་འཚོ་རྒྱུ་བེ་ཧྲིན་སུའུCདང་བེ་ཧྲིན་སུའུ B1 བེ་ཧྲིན་སུའུ B2 བེ་ཧྲིན་ སུའུ B6 འོ་སྐྱུར་ཀལ། ཁིལ་ཞིན་རྫས་སོགས་གྲུབ་ཆ་ཡོད་པས། ཟས་མི་འཇུ་བ་དང་ཁོག་པ་བཤལ་བ་ལས་བྱུང་བའི་གནོད་པ་སེལ་ཐུབ། སྨན་རྫས་དེ་ཆུ་ཁོལ་དྲོད་འཇམ་དང་འོ་མས་འཐུང་ཆོག་ལ། ཡང་ན་ཐད་ཀར་དུ་འཐུང་ནའང་ཆོག
ཕན་སྐྱེ་སྲིན་སྨན་དང་སྲིན་འགོག་སྨན་རྫས་གཉིས་མཉམ་དུ་འཐུང་ན་སྨན་ནུས་ཇེ་ཞན་དུ་གཏོང་སྲིད་པས། དུས་ཚོད་གཉིས་ནས་གསུམ་རེའི་རྗེས་སུ་སོ་སོར་བཀར་ནས་འཐུང་དགོས། །
ལོ་ཙཱ་བ། འབྲུག་མོ།