$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.08.02 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

 སྙིང་ཁམས་བདེ་སྲུང་ནི་དོན་དག་གལ་ཆེན་ཞིག་ཡིན་ལ། གཤམ་གྱི་དོན་བྱ་འདི་བཅུ་པོས་སྙིང་ཁམས་བདེ་ལ་འབབ་པར་ཕན་ཐོགས་པ་སྟེ།

དང་པོ། གཉིད་ཡུན་འོས་འཚམ་ཡིན་དགོས།

གཉིད་ཡུན་ཐུང་དྲགས་ན་སྙིང་ནད་འབྱུང་བའི་ཉེན་ཁ་བརྒྱ་ཆའི་ཞེ་བརྒྱད་འཕར་བ་དང་། གཉིད་ཡུན་རིང་དྲགས་ན་སྙིང་ནད་འབྱུང་བའི་ཉེན་ཁ་བརྒྱ་ཆའི་སོ་བརྒྱད་འཕར་བ་རེད། ཆེས་བཟང་བའི་གཉིད་ཡུན་ནི་དུས་ཚོད་བདུན་ནས་བརྒྱད་བར་ཡིན།

གཉིས་པ། གཅིག་སེམས་གཅིག་ལ་གཏད་པ།

མི་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་མི་དེ་དང་གཅིག་སེམས་གཅིག་ལ་གཏད་དགོས། དེ་ལྟར་བྱས་ན་སེམས་ཁམས་བདེ་ལ་འབབ་ཐུབ་པར་མ་ཟད་སེམས་ཀྱི་གནོན་ཤུགས་ཀྱང་ཇེ་ཡང་དུ་གཏོང་ཐུབ། དེ་མིན་ད་དུང་ཁྲག་ཤེད་སྙོམ་པོར་གཏོང་བའི་ཕྱོགས་སུ་ཕན་པའང་ལྡན།

གསུམ་པ། སེམས་གཏིང་ནས་དགོད་པ།

ཉིན་མ་རེ་རེར་སེམས་གཏིང་ནས་བགད་ན་ལུས་བདེ་ཁམས་དྭངས་ཡོང་བས་སྙིང་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། སེམས་ཁམས་དྭངས་མོ་ཞིག་ཡོང་རྒྱུ་ནི་མི་ཞིག་ལ་མཚོན་ན་ཆེས་གལ་ཆེ་བ་ཞིག་ཡིན། སེམས་གཏིང་ནས་བགད་ན་ད་རུང་ཁྲག་རྩ་ཇེ་སྦོམ་དང་ཁྲག་ཤེད་ཇེ་དམའ་རུ་འགྲོ་བར་ཕན། ཞིབ་འཇུག་བྱས་པ་ལྟར་ན། ཉིན་རེའི་དུས་ཚོད་སྐར་མ་སུམ་ཅུའི་རིང་དགོད་བྲོའི་ཟློས་གར་ལ་བལྟས་ན་སྙིང་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

བཞི་བ། བརྙན་འཕྲིན་ལ་ཉུང་ལྟ་བྱེད་དགོས།

ཞིབ་འཇུག་མི་སྣས་བསྟན་དོན། ཉིན་རེར་དུས་ཚོད་གཅིག་གི་རིང་བརྙན་འཕྲིན་ལ་བལྟས་ན་སྙིང་ནད་ཀྱིས་འཆི་བའི་ཉེན་ཁ་བརྒྱ་ཆའི་བདུན་གྱིས་ཇེ་མཐོར་འགྲོ་བ་དང་། ཉིན་རེར་དུས་ཚོད་བཞི་ཡི་རིང་བརྙན་འཕྲིན་ལ་བལྟས་ན་སྙིང་ནད་ཀྱིས་འཆི་བའི་ཉེན་ཁ་བརྒྱ་ཆའི་ཉེར་བརྒྱད་ཀྱིས་ཇེ་མཐོར་འགྲོ་བ་རེད།

ལྔ་བ། ཉི་མར་ལྡེ་བ།

ཉི་འོད་ཀྱི་ཕན་པ་ནི་གནོད་པ་ལས་ཆེ་སྟེ། ཉི་འོད་ཀྱིས་ཁྲག་ཤེད་ཇེ་དམའ་རུ་བཏང་ནས། མིའི་སེམས་ཁམས་བདེ་ལ་འབབ་ཏུ་འཇུག་ཐུབ་པའི་དབང་གིས་ཉི་མར་ལྡེས་ན་སྙིང་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

དྲུག་པ། གཉེན་སྒྲིག་པ།

ཆེད་མཁས་པས་བཤད་པ་ལྟར་ན། སྙིང་ནད་ཕོག་མི་འདོད་ན་མྱུར་དུ་གཉེན་སྒྲིག་དགོས་ཏེ། ཞིབ་འཇུག་ལས་མངོན་པ་ལྟར་ན། གཉེན་སྒྲིགས་ཟིན་པའི་མིའི་སྙིང་ནད་ཕོག་པའི་ཉེན་ཁ་ནི་གཉེན་སྒྲིག་མ་བྱས་པའི་མི་ལས་བརྒྱ་ཆའི་ལྔ་ཡིས་དམའ་ལ་བཟའ་ཟླ་འདས་པ་ལས་བརྒྱ་ཆའི་གསུམ་གྱིས་དམའ་བ་དང་། བཟའ་ཚང་ཐོར་བ་ལས་བརྒྱ་ཆའི་ལྔ་དམའ་བ་རེད། ལོ་ལྔ་བཅུ་མན་གྱི་མི་ལ་མཚོན་ན། བཟའ་ཚང་ཡོད་པ་ནི་ལུས་ཁམས་བདེ་ཐང་ལ་ཕན་པའི་ལས་ཤིག་ཡིན་ཏེ། ལོ་ལྔ་བཅུ་མན་གྱི་མི་ལ་སྙིང་ནད་ཕོག་པའི་ཉེན་ཁ་ནི་ན་མཉམ་གྱི་ཁེར་རྐྱང་མི་སྣ་དང་བསྡུར་ན་བརྒྱ་ཆའི་བཅུ་གཉིས་ཙམ་དམའ་བ་རེད།

བདུན་པ། འགྲིམ་འགྲུལ་འུར་སྒྲར་གཡོལ་དགོས།

ཞིབ་འཇུག་བྱས་པ་ལྟར་ན། འགྲིམ་འགྲུལ་འུར་སྒྲ་ཆེ་བའི་གནས་སུ་བསྡད་ཡོད་པའི་མི་ལ་སྙིང་ནད་ཕོག་པའི་ཉེན་ཁ་ཧ་ཅང་ཆེ་བ་རེད།

བརྒྱད་པ། ཡར་ལངས་ནས་ཆུ་འཐུང་ན་ཕན། ཞིབ་འཇུག་བྱས་པ་ལྟར་ན། ཙོག་ཡུན་རིང་ན་སྙིང་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་བས། གཞུང་ལས་ཁང་དུ་སྡོད་པའི་ལས་བྱེད་མི་སྣར་མཚོན་ན། དུས་རྒྱུན་ཆུ་མང་པོ་འཐུང་དགོས། དེ་ལྟར་བྱས་ན་ཙོག་ཡུན་རིང་བའི་གནས་བབ་བསྒྱུར་ཐུབ་པར་མ་ཟད། ཆུའི་འཐུང་ཚད་ཀྱང་འདང་ངེས་ཡིན་པས། ལུས་ཁམས་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ལྡན།

དགུ་བ། དཀར་ཟས་ཟ་བ།

ཞིབ་འཇུག་བྱས་པ་ལྟར་ན། དཀར་ཟས་རིང་ལུགས་པར་སྙིང་ནད་བྱུང་སྟེ་སྨན་ཁང་དུ་འདུག་པ་དང་ཤི་བའི་ཚད་ནི་དམར་ཟས་ཟ་བའི་མི་ལས་བརྒྱ་ཆའི་སོ་གཉིས་ཀྱིས་དམའ་བ་རེད། དེའི་རྒྱུན་མཚན་ནི་དཀར་ཟས་རིང་ལུགས་པའི་ཁྲག་ཤེད་དང་ལུས་པོའི་མཁྲིས་རྒྱུ་གཤེར་རྩིའི་ཚད་དམར་ཟས་ཟ་མཁན་ལས་དམའ་བས་རེད།།
 

རྩོམ་སྒྲིག་པ། འབྲུག་མོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།