$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.08.22 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་དུས་གཏན་འཁེལ་སྒོས་རྒྱལ་ཡོངས་རང་བཞིན་གྱི་རིམས་ནད་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་ན། 2015ལོའི་ལོ་སྟོད་ཁོ་ནར། རིམས་ནད་ག་པ་བྱུང་བའི་མི་གྲངས1659201ལ་བུད་པ་དང་། དེའི་ཁྲོད་དུ་རྐང་ལག་ཁ་ནད་བྱུང་བའི་མི་གྲངས984699ལ་བུད་ཡོད་པས། དེས་རྒྱལ་ཡོངས་ཀྱི་རིམས་ནད་ག་པ་བྱུང་བའི་མི་གྲངས་ཀྱི་བརྒྱ་ཆའི་ལྔ་བཅུ་ང་དགུ་དང་གྲངས་ཆུང་གསུམ་ཟིན་ཡོད་པ་རེད། དེ་ལས་ང་ཚོས་ཤེས་ཐུབ་པ་ནི། དུས་རྒྱུན་གྱི་འཚོ་བའི་ཁྲོད་ནད་དུག་དང་འབུ་ཕྲས་བཟོས་པའི་གནོད་པ་ཚབས་ཆེ་བས། ཡང་དག་པའི་བདེ་ཐང་འཕྲོད་བསྟེན་གྱི་ཤེས་བྱར་སློབ་སྦྱོང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ།

བྱིས་པར་རིམས་ནད་མི་འབྱུང་བར་བྱེད་འདོད་ན། ཐོག་མར་ཁྱིམ་བདག་ལ་བདེ་ཐང་གི་འཚོ་བ་རོལ་སྟངས་ཀྱི་གོམས་གཤིས་ལེགས་པོ་ཤིག་ལོབས་སུ་འཇུག་དགོས། ཐོག་མར་ཁྱིམ་གྱི་གཙང་སྦྲར་དོ་སྣང་བྱེད་དགོས་དེ། ཁྱིམ་ཆས་དང་སྣོད་ཀ་ཅ་ཡོད་ཚད་སོ་སོར་འཇོག་དགོས་ཤིང་དེ་དག་གི་གཙང་སྦྲར་དོ་སྣང་བྱེད་དགོས་པར་མ་ཟད། ལྷག་པར་དུ་ཁྱིམ་དུ་བྱིས་པ་ཡོད་ན། བྱིས་པར་ཆེད་དུ་སྤྱོད་པའི་སྣོད་ཆས་ཡོད་དགོས་ཤིང་། སྣོད་ཆས་དེ་དག་དུས་གཏན་འཁེལ་སྒོས་ཆུ་ཁོལ་གྱི་ནང་དུ་དུག་སེལ་བྱེད་དགོས། དུས་མཚུངས་སུ་མི་རྣམས་ཀྱིས་སྒོའི་ཕྱི་རོལ་ནས་མི་སྣ་མང་དང་ཁོར་ཡུག་སྣ་ཚོགས་བརྒྱུད་དགོས་པས། ཕྱིར་ཁྱིམ་དུ་ཐོན་ན་ལུས་སྟེང་དུ་ནད་དུག་དང་ནད་འབུ་སྣ་ཚོགས་འགོས་ཡོད་ཕྱིར། ལྭ་བ་བཀྲུ་སྐབས་ནད་འབུ་མེད་པར་གཏོང་ཐུབ་པའི་འདག་རྫས་བཀོལ་དགོས། ཡིན་ནའང་བྱིས་པའི་སྐྱི་པགས་དང་མི་དར་མའི་སྐྱི་པགས་ལ་ཁྱད་པར་ཡོད་པས། བྱིས་པའི་ལྭ་བ་དང་མི་དར་མའི་ལྭ་བ་གཉིས་མཉམ་གཅིག་ཏུ་བཀྲུ་མི་རུང་། བྱིས་པའི་ལྭ་བ་བཀྲུ་སྐབས་རྫས་འགྱུར་གྱི་དུག་རྫས་མེད་པའི་འདག་རྫས་བཀོལ་དགོས།
 

ལོ་ཙཱ་བ། འབྲུག་མོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།