$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.08.22 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

 བྱིས་པའི་སོ་སྐྱེས་ཚུལ་མི་ལེགས་པ་དེ་ནི་ལྷན་སྐྱེས་ཀྱི་རྒྱུ་རྐྱེན་ནམ་ཡང་ན་སྐྱེས་གཞུག་གི་རྒྱུ་རྐྱེན་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན། དེའི་ནང་ནམ་རྒྱུན་ཁྱིམ་བདག་གིས་མཉམ་མི་འཇོག་པ་ཞིག་ནི་ནུ་མ་ལྡུད་སྟངས་དང་ལྕེ་རྐྱོང་བ། མཛུབ་མོ་ཁར་འཇུག་པ་སོགས་མི་ལེགས་པའི་གོམས་སྲོལ་དག་ཡིན། གཞན་ད་རུང་སོ་འབུས་རྒྱུན་ལྡན་མིན་པ་དང་མགལ་རུས་འཚར་སྐྱེ་མི་ལེགས་པ་སོགས་ཀྱིས་ཀྱང་བྱིས་པའི་སོ་སྐྱེས་ཚུལ་ལ་གནོད་པ་བཟོ་སྲིད་པས། སྔ་མོ་ནས་གསོ་བཅོས་བྱེད་དགོས།

བྱིས་པའི་སོ་སྐྱེས་ཚུལ་མི་ལེགས་པ་གསོ་བཅོས་བྱེད་པའི་ལོ་ཚོད་ནི་ནུ་སོ་སྐྱེ་བའི་དུས་སྐབས་ཡིན་ལ། ལོ་གསུམ་ནས་ལོ་ལྔ་བར་ཡིན། ནུ་སོ་སྐྱེས་སྐབས་ཀྱི་གསོ་བཅོས་དུས་ཡུན་སྤྱིར་བཏང་དུ་ཟླ་གསུམ་ནས་ཟླ་ལྔ་བར་ཡིན་མོད། འོན་ཀྱང་རུས་སྒྲོམ་འཚར་སྐྱེ་རྒྱུན་ལྡན་མིན་པའི་བྱིས་པ་ཉུང་ཤས་ཀྱི་གསོ་བཅོས་རྙོག་འཛིང་ཡིན་ལ། དེའི་ཁར་བྱིས་པས་སྨན་པའི་ངག་བཀོད་ལ་མི་ཉན་པས། གསོ་བཅོས་ཀྱི་དུས་ཡུན་ཇེ་རིང་དུ་གཏོང་སྲིད།

བྱིས་པའི་སོ་སྐྱེས་ཚུལ་མི་ལེགས་པ་དེ་གསོ་བཅོས་མ་བྱས་ན་སོ་ཡི་སྐྱེས་ཚུལ་ཇེ་བཙོག་ཏུ་གཏོང་སྲིད། སྣང་ཚུལ་དེ་སྔོན་འགོག་བྱེད་ཆེད། ཁྱིམ་བདག་ཚོས་སྔ་མོ་ནས་གསོ་བཅོས་བྱེད་དགོས་པར་མ་ཟད། དུས་སྔ་མོའི་གསོ་བཅོས་བྱེད་ཐབས་སྟབས་བདེ་ཞིང་དུས་ཡུན་ཐུང་ལ། ཕན་ནུས་ཀྱང་བཟང་བ་ཡིན། སྤྱིར་བཏང་དུ་ནུ་སོ་སྐྱེས་ཚུལ་མི་ལེགས་པ་གསོ་བཅོས་མ་བྱས་ཚེ་བྱིས་པ་མང་ཤོས་ཀྱི་གཏན་སོར་གནོད་པ་བཟོ་སྲིད་པ་མ་ཟད། སོ་སྐྱེས་ཚུལ་དེ་བས་ཇེ་བཙོག་ཏུ་གཏོང་སྲིད། ནུ་སོ་སྐྱེས་ཚུལ་མི་ལེགས་པ་སྔ་མོ་ནས་གསོ་བཅོས་བྱས་ན། གཏན་སོར་གནོད་པ་བཟོ་བ་ཇེ་ཆུང་དུ་གཏོང་ཐུབ།

ལོ་ཙཱ་བ། འབྲུག་མོ།

 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།