$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.08.30 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

རྐེད་པ་ན་བ་དེ་རྒྱུན་མཐོང་གི་ནད་ཅིག་རེད། ཧ་ལམ་བརྒྱ་ཆའི་བརྒྱད་ཅུ་ཙམ་གྱིས་མིས་མི་ཚེའི་བཤུལ་ལམ་ཁྲོད་རྐེད་པ་ན་བའི་སྡུག་བསྔལ་མྱོང་བཞིན་ཡོད། རྐེད་པ་ན་བའི་ནད་པས་ཐོག་མར་རང་ཉིད་ཀྱི་རྐེད་པ་ན་བ་དེ་དང་ཐོག་ཇི་ལྟར་བྱུང་བ་དང་། རྐེད་པར་རྨས་སྐྱོན་ཕོག་མྱོང་མིན་དང་གྲང་འཁྱག་ཐེབས་ཡོད་མེད་སོགས་རང་ཉིད་ཀྱི་ནད་བབ་ལ་རྒྱུས་ལོན་བྱེད་དགོས། སྤྱིར་ནད་པ་མང་ཆེ་བར་ངལ་གསོ་ཅུང་ཙམ་བྱེད་པའམ་སྨན་ཉུང་ངུར་བསྟེན་པ། ཡང་ན་ཕུར་མཉེད་སོགས་བྱས་རྗེས་ཇེ་དགར་ཡོང་སྲིད། ཡིན་ནའང་ནད་པ་ལ་ལར་དེ་ལས་ལྷག་པའི་གསོ་བཅོས་བྱེད་དགོས། སྨན་ཁང་དུ་ཐོན་རྗེས། ནད་པས་རང་གི་ནད་ཀྱི་རྒྱུ་མཚན་གསལ་བོར་བཤད་དགོས་ཏེ། རྐེད་པ་ན་བའི་གནས་དང་ཇི་ལྟར་ན་བ། རྐེད་པ་ཁོ་ན་ན་བ་ཡིན་ནམ་ཡང་ན་དེ་དང་བསྡོངས་ནས་ལུས་སྨད་ཡོངས་རྫོགས་སྦྲིད་པའམ་ན་བཞིན་ཡོད་མེད། ད་དུང་རྐང་ཐང་དུ་སོང་ན་ཐང་ཆད་ནས་འགྲོ་མི་ཐུབ་པའི་གནས་ཚུལ་ཡོད་མེད་སོགས་ལྟ་བུ།

འདྲི་བ་དང་བརྟག་པ། xགློག་པར་བཅས་ལས་ཕལ་ཆེ་བར་ནད་གཞི་ངོས་འཛིན་ཐུབ།

སྨན་པས་ནད་པའི་ནད་བབ་གསལ་བོར་དྲིས་ནས་རྒྱུས་ལོན་རྗེས་དེར་མཐུན་གྱི་དངོས་ལུགས་ཀྱི་བརྟག་དཔྱད་བྱེད་དགོས། གལ་ཏེ་སྒལ་ཚིགས་ཕྱིར་འབུར་བའམ་སྒལ་ཚིགས་མཁར་སྦུག་ཚང་དོག་ནད། སྒལ་གཅོང་ནད་སོགས་ཡིན་པར་དོགས་པ་ཡོད་ཚེ་ཞིབ་ཏུ་བརྟག་དཔྱད་བྱེད་དགོས།
དལ་བའི་རང་བཞིན་གྱི་རྐེད་པ་ན་བའི་ནད་པས་མཉམ་འཇོག་བྱེད་དགོས་ས་འགའ་ཡོད་པ་ནི། ཙོག་ནས་འདུག་སྟངས་ལ་དོ་སྣང་བྱེད་དགོས་ཏེ། མཐོ་ཚད་རན་པའི་ཨོང་སྟེགས་སྟེང་སྒལ་ཚིགས་དྲང་བོར་བྱས་ནས་འདུག་དགོས་པ་ལས། དུས་ཡུན་རིང་བོར་འབོལ་ཁྲིའི་སྟེང་དང་ཨོང་སྟེགས་དམའ་མོའི་སྟེང་འདུག་མི་རུང་། ཙོག་ནས་འདུག་ཡུན་ཡང་རིང་མི་རུང་བར་སྤྱིར་དུས་ཚོད་སྐར་མ་སུམ་ཅུ་ནས་བཞི་བཅུ་ཙམ་འགོར་རྗེས་ཡར་ལངས་ནས་ངལ་ཅུང་ཙམ་གསོ་བའམ་རྐེད་པ་ཡར་བསྲིངས་མར་བསྲིངས་རེ་བྱས་ནས་སྐར་མ་གཉིས་ནས་གསུམ་ཙམ་ལ་སྦྱོང་བརྡར་བྱས་ན་བཟང་། ཉལ་ཁྲིའང་ཅུང་སྲ་མོའི་རིགས་བཀོལ་བ་དང་དེའི་སྟེང་ཉལ་གདན་ཡང་ཚད་དང་རན་པ་ཞིག་བཏིངས་ནས་ཉལ་ན་བཟང་། ཧ་ཅང་སྙི་མོའི་ཉལ་ཁྲིའི་སྟེང་དུ་ཉལ་ན་གཉིད་ལས་སད་རྗེས་ངལ་དུབ་སེལ་མེད་པར་དེ་ལས་ལྡོག་སྟེ་རྐེད་པ་ན་ཞིང་ལུས་ཡོངས་མི་བདེ་བའི་ཚོར་སྣང་ཡོད། དེ་ལས་གཞན་ད་དུང་རྐེད་པ་དྲོན་པོ་བྱས་ནས་འཁྱག་ཏུ་འཇུག་མི་རུང་བ་དང་རྒྱུན་པར་དངོས་པོ་ལྗིད་མོ་ཡར་འགྱོགས་མར་ལེན་བྱེད་སྐབས་སེམས་ཆུང་བྱེད་དགོས། །
 

ལོ་ཙཱ་བ། འབྲུག་མོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།