$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.09.21 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

 གཅིག གློ་བའི་སྐྲན་ནད།

གློ་བའི་སྐྲན་ནད་ནི་མིག་སྔར་འཛམ་གླིང་དུ་ཤི་ཚད་ཨང་དང་པོར་སླེབས་ཡོད་པའི་སྐྲན་ནད་ཅིག་ཡིན་པ་དང་། རང་རྒྱལ་དུ་གློ་སྐྲན་ནད་བྱུང་ཚད་དེ་སྐྲན་ནད་གཞན་དག་ལས་མཐོ་ཞིང་། ལྷག་པར་བུད་མེད་ལ་གློ་སྐྲན་ནད་བྱུང་བ་ཇེ་མང་དུ་འགྲོ་བཞིན་ཡོད།

དང་པོ། གློ་བའི་སྐྲན་ནད་བྱུང་བའི་རྒྱུ་རྐྱེན།

མི་དར་མ་དང་རྒན་པར་གློ་སྐྲན་ནད་འབྱུང་བའི་ཉེན་ཁ་གཞན་ལས་ཆེ་བ་རེད། ལོ་སོ་ལྔ་ནས་དོན་ལྔའི་བར་དང་ལྷག་པར་ལོ་ང་ལྔ་ནས་དོན་ལྔའི་བར་གྱི་མི་ལ་མཚོན་ན་གློ་སྐྲན་ནད་འབྱུང་ཚད་མཐོ། སྤྱིར་བཏང་དུ་གློ་སྐྲན་ནད་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་དུ་བ་འཐེན་པ་དང་མཁའ་དབུགས་སྦགས་བཙོག་ལས་རིགས་ཀྱི་རྒྱུ་རྐྱེན། གློ་བའི་དལ་ནད་བཅས་ཡིན་པར་མ་ཟད། ད་དུང་མི་རྒྱུད་དང་ཁྱིམ་རྒྱུད་ལའང་འབྲེལ་བ་ཡོད། ཞིབ་འཇུག་བྱས་པ་ལྟར་ན། བརྒྱ་ཆའི་སུམ་ཅུ་ཡི་སྐྲན་ནད་བྱུང་བའི་རྒྱུ་རྐྱེན་ནི་དུ་བ་འཐེན་པ་དང་འབྲེལ་བ་ཡོད། གློ་བའི་སྐྲན་ནད་བྱུང་བའི་དུས་མགོ་ལ་དབུགས་ལམ་སྡེ་ཁོངས་ཀྱི་རྒྱུན་མཐོང་ནད་མ་གཏོགས་དམིགས་བསལ་ཅན་གྱི་ནད་རྟགས་མེད།

གཉིས་པ། གློ་བའི་སྐྲན་ནད་འབྱུང་སླ་བའི་རྒྱུ་རྐྱེན།

1.དུ་བ་འཐེན་པ། དུ་བའི་ནང་དུ་རྫས་འགྱུར་དངོས་པོ3000ལྷག་ཡོད་པ་དང་། དེའི་ནང་དུ་སྐྲན་ནད་སློང་སླ་བའི་དངོས་པོ་སྣ་ཁ50ལྷག་ཡོད། དུ་བ་འཐེན་ཚད་ཇི་ལྟར་ཆེ་བ་དང་དུ་བ་འཐེན་ཡུན་ཇི་ལྟར་རིང་ན་སྐྲན་ནད་འབྱུང་བའི་ཉེན་ཁ་དེ་ལྟར་ཆེ་བ་རེད།

2.ལས་རིགས་ཀྱི་རྒྱུ་རྐྱེན། དུས་རྒྱུན་དུ་རྡོ་བལ་དང་རྡོ་སོལ་བསྲེགས་སྣུམ་སོགས་འདྲེས་སྦྱོར་དངོས་རྫས་ལ་རྒྱུན་དུ་ཐུག་པའི་ལས་རིགས་མི་སྣ་རྣམས།

3.མཁའ་དབུགས་བཙོག་འགྱུར་དང་སྡོད་ཁང་ནང་གི་རླུང་འགྲོ་སའི་ཆ་རྐྱེན་མི་ལེགས་པའི་འོག་ཏུ་རྡོ་སོལ་འབར་བ་དང་ཟ་མ་ལས་པ་བཅས་ཀྱི་དབང་གིས་མཁའ་དབུགས་བཙོག་འགྱུར་བྱས་པ་ཅན།

4.གློག་གྱེས་འགྱེད་འཕྲོ། འཕྲོ་བའི་ཁོར་ཡུག་འོག་ཏུ་བྱ་བ་སྒྲུབ་པའི་གཏེར་ལེན་བཟོ་བ་ལྟ་བུ།

5.གཞན་པ། སྔོན་མར་གློ་གཅོང་གི་ནད་བྱུང་མྱོང་བ་དང་གློ་བའི་ནད་བྱུང་བ་ཅན།

གསུམ་པ། གློ་བའི་སྐྲན་ནད་སྔོན་འགོག

དུ་བ་གཅོད་པ་ནི་གློ་བའི་སྐྲན་ནད་སྔོན་འགོག་ལ་ཆེས་ནུས་པ་ལྡན་པའི་བྱེད་ཐབས་ཤིག་ཡིན། ཆང་དཀར་མི་འཐུང་བ། ཟས་རིགས་རུལ་བ་མི་ཟ་བ། ལྷད་བསྲེས་པའི་ཟས་རིགས་དང་བསྙལ་བའི་ཟས་རིགས་ཉུང་ཟ་བྱེད་དགོས། ཉིན་རེར་སིལ་ཏོག་དང་སྔོ་ཚོད། ནས་དང་སྲན་རིགས་ཀྱི་ཟས་ཟ་དགོས། ཇ་ཁང་ནང་གི་མཁའ་དབུགས་བཙོག་འགྱུར་ལ་མཉམ་འཇོག་དགོས། སེམས་ཁམས་བདེ་ཞིང་སྐྱིད་པོ་ཡིན་དགོས། གཟའ་འཁོར་རེའི་ནང་ཉུང་ཉུང་བྱས་ན་ཐེངས་གསུམ་ལ་འགུལ་སྐྱོད་བྱེད་དགོས་པ་དང་ཚོ་གསོག་ཏུ་འཇུག་མི་རུང་།

བཞི་བ། དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་དགོས།

ནད་རྟགས་ཡོད་དུས་སྨན་ཁང་དུ་སོང་ནས་སྨན་པར་སྟོན་སྐབས། ནད་པ་མང་ཆེ་བ་བཅོས་ཐབས་མེད་པའི་ཚད་ལ་ཐུག་ཡོད། དེ་བས་ལོ་ཞེ་ལྔ་ཡན་ཆད་ཀྱི་དུ་བ་འཐེན་པ་དང་འགུལ་སྐྱོད་མི་བྱེད་པ། ཐལ་རྡུལ་དང་གནོད་ལྡན་རླངས་པར་ཐུག་པ་བཅས་ཀྱི་ཉེན་ཁ་ལྡན་པའི་མི་ཚང་མས་དུས་བཅད་ལྟར་གློ་བའི་སྐྲན་ནད་ཡོད་མེད་ལ་བརྟག་དགོས། གལ་སྲིད་ནད་བྱུང་ཡོད་དུས་སྔ་མོ་ནས་སྨན་བཅོས་བྱེད་དགོས།

གཉིས། མཆིན་པའི་སྐྲན་ནད།

མཆིན་སྐྲན་ནད་ཀྱི་ཤི་ཚད་ཀྱང་ཧ་ཅང་། རང་རྒྱལ་དུ་ལོ་རེར་མཆིན་པའི་སྐྲན་ནད་བྱུང་ནས་ཤི་བའི་ནད་པ་ཕལ་ཆེར་ཁྲི་བཅུ་གཅིག་ལ་སླེབས་འདུག མཆིན་པའི་སྐྲན་ནད་བྱུང་བ་དེ་མཆིན་ཚད་ནད་ཁ་པ་ཅན་དང་འབྲེལ་བ་དམ་པོ་ཡོད།

1.མཆིན་པའི་སྐྲན་ནད་འབྱུང་སླ་བའི་མི་ཚོགས།
མཆིན་ཚད་ཁ་པ་དང་ག་པའི་ནང་གི་ལོ་སོ་ལྔའི་ཡན་ཆད་ཀྱི་མི་དང་ནད་དུག་རང་བཞིན་གྱི་མཆིན་ཚད་ཕོག་ཡོད་པ་ཅན། མཆིན་པ་སྲ་འགྱུར་ཅན་གྱི་ནད་པ་དང་། ཆུ་གཙང་མ་འཐུང་དཀའ་བའི་མི། ཆང་འཐུང་རྒྱུར་དགའ་བ་དང་ཡུན་རིང་དུ་ཆང་འཐུང་ནས་ཆང་དུག་ཕོག་ཡོད་པ་ཅན་བཅས་ལ་མཆིན་སྐྲན་ནད་འབྱུང་སླ། མཆིན་སྐྲན་ནད་བྱུང་མ་ཐག་ཏུ་ནད་རྟགས་ཅི་ཡང་མེད། མཐའ་མཇུག་ཏུ་མཆིན་པ་ན་བ་དང་ཟ་མ་ཟ་མི་འདོད་པ། ཐང་ཆད་པ་སོགས་ཀྱི་ནད་རྟགས་མངོན་པ་ཡིན།

2.མཆིན་པའི་སྐྲན་ནད་ཡོད་དུས་སྔ་མོ་ནས་ཤེས་དགོས་པའི་བྱེད་ཐབས།

མཆིན་པའི་སྐྲན་ནད་འབྱུང་སླ་བའི་མིས་དུས་ཡུན་ལོ་ཕྱེད་ནང་དུ་སྐྲན་འགོག་ཞིབ་བཤེར་ཐེངས་གཅིག་རེ་བྱེད་དགོས།

3.མཆིན་པའི་སྐྲན་ནད་འབྱུང་སླ་བའི་རྒྱུ་རྐྱེན།

རང་འདོད་ལྟར་ལུས་པོར་ཁྲག་རྒྱག་པ་དང་ཡང་ན་དུག་སེལ་བྱས་པ་མི་བཟང་བའི་སྨན་བཅོས་ལག་ལེན་ཅན། རུལ་ཡོད་པའི་བ་དམ་དང་མེ་ཏོག་ཉི་དགའ། མ་རྨོས་ལོ་ཏོག་སོགས་ཟ་བ། དུས་རྒྱུན་དུ་ཆུ་མི་གཙང་བ་འཐུང་བ་དང་ཆང་འཐུང་ནས་བཟི་དྲགས་པ་བཅས་ཡིན།

4.མཆིན་པའི་སྐྲན་ནད་སྔོན་འགོག་བྱེད་ཐབས།

སྔ་མོ་ནས་མཆིན་ནད་ཁ་པའི་འགོག་ཁབ་བརྒྱབ་ནས་མཆིན་ནད་སྔོན་འགོག་བྱེད་དགོས། ཁྲག་རྒྱག་པ་དང་གནམ་ཁབ་རྒྱག་སྐབས་དོ་སྣང་བྱེད་དགོས། ཟས་རིགས་རུལ་བ་མི་ཟ་བ། ཆུ་གཙང་མ་འཐུང་བ། དུ་བ་གཅོད་དགོས་པ་དང་ཆང་རན་ཙམ་འཐུང་བ། སེམས་ཁམས་བདེ་ཐང་ཡིན་དགོས། དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།

 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།