$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.10.21 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

ངག་རྒྱུན་དུ་དཔྱིད་ཀར་དཔྱིད་དུག་རྒྱག་པ་དང་། དབྱར་ཁར་ཐང་ཆད་པ། སྟོན་ཁར་གཉིད་ལྕོག་རྒྱག་ཅེས་བཤད་སྲོལ་ཡོད། སྟོན་ཚུགས་པ་དང་བསྟུན་ནས་མི་མང་པོ་ཞིག་ལ་ཐང་ཆད་པའི་སྣང་ཚུལ་བྱུང་སྟེ། ཉིན་གང་བོར་ཀླད་པ་ལྡ་བེ་ལྡིབ་བེར་གཉིད་འབབ་ཀྱིན་ཡོད། ལྷག་པར་དུ་ཉིན་གུང་གི་རྗེས་སུ་ལུས་སྟོབས་དང་རྣམ་རིག་མེད་པར་འགྱུར་བཞིན་ཡོད། དེ་དག་གི་སེལ་ཐབས་ལ་དགོང་མོར་གཉིད་འདང་ཚིམ་པ་ཞིག་ལྡོག་དགོས་པ་ལས་གཞན། བཟའ་བཏུང་གི་ཕྱོགས་སུ་དོ་སྣང་བྱེད་དགོས་ཏེ། གཤམ་གྱི་ཟས་རིགས་འདི་དག་མང་ཙམ་ཟོས་ན་སྟོན་ཁར་ཐང་ཆད་པ་དང་གཉིད་འབབ་པའི་རྣམ་པ་སེལ་ཐུབ། 

གཅིག སིལ་ཏོག་གི་རིགས་ཏེ་ཚ་ལུ་མ།

སིལ་ཏོག་ཚ་ལུ་མའི་བྲོ་བ་ཞིམ་པར་མ་ཟད། དེའི་ནང་དུ་མིའི་ལུས་སྟེང་དུ་མཁོ་བའི་འཚོ་བཅུད་རྫས་ཀྱང་མང་བ་རེད། ཚ་ལུ་མའི་ནང་དུ་འཚོ་བཅུད་བེ་ཧྲིནསུའུc དང་དེ་ལས་གཞན་པའི་དབྱང་འགྱུར་རྫས་འགོག་པའི་གྲུབ་ཆ་ཧ་ཅང་མང་བས། ལུས་པོར་ཕན་ཞིང་དྲན་ཤེས་ཇེ་གསལ་ཏུ་གཏོང་བ། ཀླད་པས་གནོད་ལྡན་དངོས་རྫས་འགོག་པར་ཕན་པ་ཆེན་པོ་ཡོད།

གཉིས། བྱ་སྒོང་།

བྱ་སྒོང་གི་ནང་དུ་སྤུས་ལེགས་སྤྲི་དཀར་གྱི་འདུས་ཚད་མཐོ་བས། ཞོགས་ཟས་སུ་བྱ་སྒོང་ཟོས་ན་ཉིན་གོང་བོར་ཕོ་བ་རྒྱགས་ཡོད་པའི་ཚོར་སྣང་ཡོད་པར་མ་ཟད། སྒོང་སྤྲི་སེར་པོས་ཀླད་པའི་དྲན་ཤེས་ཇེ་བརྟན་དུ་གཏོང་ཐུབ།

གསུམ། སྟར་ཀ

སྟར་ཀ་ནི་ཀླད་པ་གསོ་བའི་ཟས་རིགས་མཆོག་ཏུ་གྱུར་བ་ཞིག་ཡིན། སྟར་ཀ་ཁེ་བརྒྱ་རེའི་ནང་དུ་སྤྲི་དཀར་ཁེ་བཅོ་ལྔ་ནས་ཉི་ཤུ་ཙམ་ཡོད་ཅིང་། དེར་སྣུམ་ཞགས་འདུས་ཚད་མཐོ་བར་མ་ཟད། མིའི་ལུས་སྟེང་དུ་ངེས་པར་མཁོ་བའི་ཀའེ་དང་ལིན། ལྕགས་རིགས་བཅས་ཚད་ཉུང་མ་རྒྱུ་དང་གཏེར་རྒྱུ་ལས་གཞན། ལ་སེར་གྱི་རྒྱུ་སོགས་འཚོ་རྒྱུ་བེ་ཧྲིན་སུའུ་མང་པོ་འདུས་ཡོད།

བཞི། འོ་མ།

འོ་མའི་ནང་དུ་སྤྲི་དཀར་དང་ཀའེ་རྫས་སོགས་ཀླད་ཆེན་ལ་ངེས་པར་མཁོ་བའི་ཨེན་རྨང་སྐྱུར་རྫས་མང་པོ་འདུས་ཡོད། བྱ་བའི་ལས་འགན་ལྗིད་པའི་མི་རྣམས་ལ་མཚོན་ན་འོ་མ་ནི་ཆེས་ལེགས་པའི་འཚོ་བཅུད་ཡིན་ཏེ། དེས་མིའི་ཀླད་པར་ནུས་ཚད་མཁོ་འདོད་བྱེད་ཐུབ་པས་ངལ་དུབ་སེལ་ཐུབ་ཅིང་། དགོང་མོ་གཉིད་ཁར་འཐུང་ན་ད་རུང་གཉིད་བཟང་པོ་ཁུགས་ཐུབ།

ལྔ། བ་དམ།

བ་དམ་ལ་ཚ་ཚད་ཀྱི་འདུས་ཚད་མཐོ་བ་དང་འཚོ་བཅུད་ཕུན་སུམ་ཚོགས་པ་ལྡན་པས། བ་དམ་ཟོས་ན་དེ་མ་ཐག་ཕོ་བ་འགྲངས་པའི་ཚོར་སྣང་ཡོད་པར་མ་ཟད་ངལ་དུབ་སེལ་བ་དང་ལུས་ཕུང་བདེ་ཐང་ལ་ཤིན་ཏུ་ཕན།

ལོ་ཙཱ་བ། འབྲུག་མོ། 
 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།