$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.11.02 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

 ཟས་རིགས་བདེ་འཇགས་ནི་ཆེས་གཞི་རྩའི་དམངས་འཚོའི་གནད་དོན་ཞིག་ཡིན། དེང་སྐབས་ཀྱི་གནས་ཚུལ་ལ་བལྟས་ན། ཟས་རིགས་ཐོན་ལས་གཞི་ཁྱོན་ཅན་དང་རྩ་འཛུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མི་མཐོ་བ་དང་། ལས་རིགས་ཀྱི་རང་གཅུན་ནང་རྐྱེན་འཐུས་ཚང་མིན་པ། ཁེ་ལས་ཀྱི་སྤུས་ཀའི་བདེ་འཇགས་དོ་དམ་ནུས་པ་དམའ་བ་བཅས་ཀྱི་དབང་གིས། ཟས་རིགས་བདེ་འཇགས་ཐད་ཀྱི་དོན་རྐྱེན་མང་ཞིང་འགལ་ཟླ་འབུར་ཐོན་རེད། ཡིན་ཡང་འདི་དག་ནི་ཟས་རིགས་བདེ་འཇགས་ཀྱི་གནད་དོན་རྒྱུན་དུ་འབྱུང་བའི་ཁ་གཡར་ས་བྱེད་མི་རུང་བར། ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་བྱེད་ཐབས་སྣ་ཚོགས་ཆད་ལུས་མེད་པར་དངོས་འབེབས་བྱེད་དགོས།

  དུས་རྒྱུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། གཅིག་ནས་གཞི་རིམ་གྱི་ལྟ་སྐུལ་དོ་དམ་ནུས་པ་ངེས་པར་ཇེ་དྲག་ཏུ་གཏོང་བ་དང་། སྒྲིག་ཆས་བསྐོ་བཞག་དང་ཚད་གཞི་གསར་བསྒྱུར། མི་སྣ་གསོ་སྦྱོང་བཅས་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་ནུས་པ་ཇེ་མཐོར་གཏོང་དགོས། གཉིས་ནས་ངེས་པར་ལྟ་སྐུལ་དོ་དམ་གྱི་རང་རྐྱ་འཕར་བའི་ནུས་པ་རྒྱུན་སྲུང་བྱས་ཏེ། ལྟ་སྐུལ་དོ་དམ་བྱེད་མཁན་དང་ལྟ་སྐུལ་དོ་དམ་བྱ་ཡུལ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་གནས་པ་གཏན་འགོག་བྱེད་ཅིང་། གཞི་རིམ་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྐྱོང་ཡིད་རྟོན་ནུས་པ་ཇེ་མཐོར་གཏོང་དགོས། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཆད་གཅོད་སྒྲིག་སྲོལ་ནང་རྐྱེན་བཙུགས་ཏེ། ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་ཆད་པ་ནན་མོ་བཅད་ན། ད་གཟོད་ཐོན་སྐྱེད་བདག་གཉེར་མཁན་གྱི་ཕྱི་རོལ་ཡུལ་གྱི་གཅུན་ནུས་ཇེ་དྲག་ཏུ་བཏང་ནས། ནང་ཁུལ་གྱི་དོ་དམ་ནུས་པ་བརྟན་བརླིང་སྒོས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་ཐུབ། འདི་དག་ནི་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་འགྲུབ་ཐུབ་པ་ཞིག་མིན་མོད། འོན་ཀྱང་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། ངེས་པར་གཟབ་ནན་སྒོས་འགན་འཁྲི་དངོས་འབེབས་བྱས་ཏེ། བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་དམ་འཛིན་བྱེད་དགོས། །  

རྩོམ་སྒྲིག་པ། འབྲུག་མོ། 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།