$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.11.07 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

རྩ་སྦྱོང་གཏོང་རུང་བའི་ནད་གཞི་དང་མི་རུང་བའི་ནད་གཞི་རྣམ་པ་གཉིས་ཀྱི་སྒོ་ནས་བརྟག་པ་དང་། ནད་ལ་རུང་ཡང་རན་དང་མི་རན་དུས་ཚོད་ཀྱི་སྒོ་ནས་བརྟག་པ་དང་། ནད་དང་དུས་ཚོད་རུང་ཡང་ཟུངས་ཀྱིས་ཐུབ་དང་མི་ཐུབ་ལུས་ཤེད་ཀྱི་སྒོ་ནས་བརྟག་པར་བྱ་བ་བཅས་རྣམ་པ་གསུམ་དུ་ཡོད་དོ།

༡.རྩ་སྦྱོང་གཏོང་རུང་བའི་ནད་གཞི་ནི།

རྩ་སྦྱོང་གཏོང་རུང་བའི་ནད་གཞི་ནི། རིམས་ནད་དང་། འཁྲུགས་ཚད། ཚ་བ་སོགས་སྨིན་པ་དང་། དེ་ལས་ཀྱང་ཆེར་རྒྱས་པ། བསྡུས་ཟིན་པའི་དུག་ནད། སྣོད་དྲུག་གང་རུང་གི་ཚད་པ། མ་ཞུ་བ། བཞུས་བཤིག་བྱས་པའི་སྐྲན་ནད་ཀྱི་རིགས། སྐྱ་རྦབ། དམུ་ཆུ། བད་ཀན་སྨུག་པོ། ཆུ་སེར། མཛེ། དྲེག གྲུམ་བུ། སྲིན་ནད། མིག་ནད་རབ་རིབ། རྨ་རྙིང་བ་ལ་སོགས་ཕྱི་ནང་ཕལ་ཆེར་གྱི་ནད་ལ་བསྔགས་པ་ཡིན་ཏེ། ཁྱད་པར་དུ་མཁྲིས་པ་མིག་སེར་སོགས་མཁྲིས་པའི་ནད་རིགས་ཐམས་ཅད་ལ་མཆོག་ཏུ་ཕན་པར་བཤད་དེ། མཁྲིས་པ་བཤལ་ལས་མི་འདའ་བའི་ཕྱིར་རོ།

༢.རྩ་སྦྱོང་གཏོང་རུང་བའི་ནད་གཞི་དེར་སྔ་ཕྱི་དུས་ཚོད་ཀྱི་སྒོ་ནས་གཏོང་རན་དང་མི་རན་བརྟག་པ་ནི། རྩ་སྦྱོང་གཏོང་རུང་བའི་ནད་དེ་དག་གང་ཡང་མ་སྨིན་པ་མ་ཡིན་པར་སྨིན་པ་དང་། བྱེར་བ་རྣམས་འདུས་པ་དང་། འདྲིལ་བ་རྣམས་བཤིག་པ་དང་། གབ་པ་སློང་བ་དང་། ནད་གང་ཡང་སྟོབས་རྒྱས་པའི་དུས་སུ་སྦྱང་དགོས་པ་ཡིན།

༣.ཟུངས་ཀྱིས་ཐུབ་དང་མི་ཐུབ་པ་ལུས་ཤེད་ཀྱི་སྒོ་ནས་བརྟག་པ།

ཟུངས་ཀྱི་ཐུབ་དང་མི་ཐུབ་པ་ལུས་ཤེད་ཀྱི་སྒོ་ནས་བརྟག་པ་ལ་ནད་ཡུན་རིང་དུ་བཏབ་པས་ཟུངས་ཟད་པ་དང་། ཤེད་སྟོབས་མེད་པ། ཁ་ཟས་ཀྱིས་བོར་བ་སྟེ་ལྕེ་ལ་ཟས་ཀྱི་རོ་མི་ཚོར་བས་དང་གར་མི་འགྲོ་བ། རྩའི་ཤེད་ཤོར་བ། གདོན་སོགས་རྐྱེན་པས་རྩ་རྒྱུད་སྤུན་པ་སྟེ་འཕར་ཐག་ཐུང་བ། རྩ་འཕར་བའི་གྲངས་དུས་ངེས་པར་སྡོད་པ་འཆི་སྡོད་སོགས་གང་ཡང་རུང་བ་ཡོད་ན་སྦྱོང་མི་ཐུབ་སྟེ། ཅིའི་ཕྱིར་ཞེ་ན། མི་དེའི་ནད་ལ་སྲོག་གནས་པས། གལ་ཏེ་སྦྱོང་ཞན་ན་ནད་སློང་ཞིང་སླར་ཡང་དང་ག་འགགས་འགྲོ་བ་དང་། སྦྱོང་དྲགས་ན་ནད་སྲོག་གཉིས་ཀ་ལྷན་གཅིག་ཏུ་འཇོམས་པར་འགྱུར་བས་དེ་ལ་བཀྲུ་སྨན་ནམ་བཤལ་སྨན་མི་མི་གཏོང་ཞིང་། གལ་ཏེ་གཏོང་ན་དུག་གབ་པ་མཚུངས་པས་ནམ་ཡང་གཏོང་མི་རུང་བ་དེ་འདྲ་ལ་འཇམ་རྩི་དང་ནི་རུ་ཧ་སྤེལ་མར་བཏང་བ་བསྔགས་སོ།།

རྩོམ་སྒྲིག་པ། འབྲུག་མོ། 
 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།