མི་སྒེར་གྱི་འཚོ་བ་རོལ་སྟངས་དང་བདེ་ཐང་ལས་སེམས་ཁམས་སྙོམས་སྒྲིག་གི་སྐོར།
2019.05.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

ཨ་མེ་རི་ཁའི་སེམས་ཁམས་རིག་པ་བ་མཱ་སི་ལུའོ་དང་སྨི་ཐེ་ཨེར་མན་གཉིས་ཀྱིས་བཏོན་པའི་སེམས་ཁམས་བདེ་ཐང་གི་ཚད་གཞི་བཅུ་ནི་གཤམ་གསལ་ལྟར།

གཅིག བདེ་སྣང་གིས་ཁེངས་པ།

གཉིས། རང་ཉིད་ལ་རྒྱུས་མངའ་ལྡན་པར་མ་ཟད། ད་དུང་རང་ཉིད་ཀྱི་ནུས་པར་གདེང་འཇོག་འོས་འཚམ་བྱེད་ཤེས་པ།

གསུམ། འཚོ་བའི་དམིགས་འབེན་དོན་དངོས་དང་མཐུན་པ།

བཞི། དངོས་ཡོད་ཁོར་ཡུག་དང་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པ།

ལྔ། མི་གཤིས་ཡག་པོ་དང་འཆམ་མཐུན་ཡོང་བ་རྒྱུན་འཁྱོངས་བྱེད་པ།

དྲུག ཉམས་མྱོང་ཁྲོད་སློབ་སྦྱོང་བྱེད་པའི་ནུས་པ་ལྡན་པ།

བདུན། མིའི་བར་གྱི་འབྲེལ་བ་ཡག་པོ་རྒྱུན་འཁྱོངས་བྱེད་ཤེས་པ།

བརྒྱད། བསམ་ཚུལ་བརྗོད་པ་དང་ཚོད་འཛིན་བྱེད་ཤེས་པ།

དགུ། སྤྱི་ཚོགས་ཀྱི་ཚད་གཞི་དང་མི་འགལ་བའི་ཆ་རྐྱེན་འོག་མི་རང་ཉིད་ཀྱི་འདོད་བློ་ཚིམ་པར་བྱེད་པ།

བཅུ། ཐུན་མོང་གི་རྩ་བའི་བླང་བྱའི་འོག་ཅུང་ལེགས་པའི་སྒོ་ནས་རང་ཉིད་ཀྱི་རང་གཤིས་འདོན་སྤེལ་བྱེད་པ།

དེ་ལས་གཞན་ད་དུང་གཤམ་གསལ་ལྟར་སྤྱི་བསྡོམས་བྱེད་ཆོག་པ་ནི། རང་བདག་འདུ་ཤེས་ཡང་དག་པ། མི་དང་མིའི་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པ། ཕོ་མོའི་དབྱེ་བ་གསལ་བ། སྤྱི་ཚོགས་དང་འཕྲོད་མཐུན་ལེགས་པོ་ཡོང་བ། བརྩོན་སེམས་ལྡན་ལ་བརྟན་པོ་ཡིན་པ། མི་གཤིས་ཡག་པོ་བཅས་སོ། །

བདེ་ཐང་གི་འཚོ་བར་སེམས་ཁམས་ག་འདྲ་ལྡན་དགོས།

ཚེ་ཐག་རིང་ཞིང་བདེ་སྐྱིད་ལྡན་པ་ཞིག་ཡོང་དགོས་ན་སེམས་ཁམས་བདེ་ཐང་ཡོང་རྒྱུ་ནི་ཧ་ཅང་གལ་ཆེ། ང་ཚོར་སྤྲོ་སྣང་མེད་པའི་སྐབས་སུ་ལུས་ཁམས་ཀྱི་སྐྱི་རིམ་ནང་གི་སྲ་ཕྲུན་དང་མཁལ་མའི་གཤེར་རྨེན་རྒྱུ་ལ་ཕོག་ཐུག་གཏོང་བ་དང་། སྐུལ་རྩི་རིགས་དེ་གཉིས་ཀྱིས་ལུས་ཁམས་ལ་ཚོར་འབྱུང་འདྲ་མིན་བསླངས་ཏེ། མཁྲིས་རྒྱུ་གཤེར་རྩི་ཇེ་མཐོར་བཏང་སྟེ། ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་ཚོ་གསོག་པ། གཅིན་སྙི་ཟ་ཁུའི་ནད་འབྱུང་སྲིད་པས་ལུས་ཁམས་ཀྱི་འགོག་ནུས་ཇེ་ཞན་དུ་འགྲོ་བ་རེད། དེ་བས་དུས་རྒྱུན་དུ་སེམས་ཁམས་སྙོམས་སྒྲིག་བྱེད་པར་དོ་སྣང་བྱེད་དགོས་པ་སྟེ།

འདོད་ཆུང་ཆོག་ཤེས་ལྡན་པ།

མི་མང་པོ་ཞིག་ལ་འདོད་ཆུང་ཆོག་ཤེས་ཀྱི་བསམ་ཚུལ་ཡོད་མོད་དེ་ལྟར་སྒྲུབ་ཐུབ་ཀྱིན་མེད། ང་ཚོས་རང་གིས་རང་ལ་དམིགས་འབེན་ཞིག་གཏན་ཁེལ་བྱས་ཏེ། རང་གི་བྱས་འབྲས་ལ་ཡིད་ཚིམ་བྱུང་ནས་རང་སེམས་གཅུན་ཤེས་དགོས།

སྡུག་གི་ཁྲོད་དུ་སྐྱིད་འཚོལ་བ།

དཀའ་བའི་ལས་མ་བྱས་ན། སྐྱིད་པའི་འཚོ་བ་རོལ་མི་ཐུབ་ཅེས་པའི་དཔེ་ལྟར། དཀའ་སྤྱད་འབད་བརྩོན་བྱེད་པའི་དུས་མཚུངས་སུ་མ་འོངས་པར་བསམ་བློ་གཏོང་ཤེས་དགོས། ཕམ་ཁ་དང་བར་ཆད་ལ་འཕྲད་པའི་སྐབས་སུ་སེམས་ཕམ་མི་རུང་ལ། ཕམ་ཁའི་ཁྲོད་རྒྱུ་རྐྱེན་བཙལ་ནས་སེམས་ཁམས་སྙོམས་སྒྲིག་བྱེད་དགོས།

རང་སྣང་སྐྱིད་པ།

སྤྲོ་སྐྱིད་རང་ཤེས་བྱུང་ན་སེམས་ཁམས་མི་སྐྱིད་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་ཐུབ། གལ་ཏེ་ང་ཚོས་རང་ཉིད་འཚོ་བ་དང་བྱ་བའི་ཁྲོད་གཡེངས་སུ་འཇུག་ཐུབ་ཚེ། ཁོར་ཡུག་གིས་འཁྱེར་ཡོང་བའི་སེམས་ཁྲལ་རིགས་ཤིག་གཏིང་བརྗེད་དུ་སོང་སྟེ་རང་ཉིད་སྤྲོ་སྣང་དང་ལྡན་པར་འཚོ་ཐུབ།

གཞན་ལ་རོགས་བྱེད་པར་དགའ་བ།

བྱ་བ་དང་འཚོ་བའི་ཁྲོད། ང་ཚོས་མི་གཞན་པའི་བཟང་ཆ་ཤེས་པ་དང་ཡོན་ཏན་ལ་བསྟོད་པ་བྱེད་ཤེས་པར་མ་ཟད། ད་དུང་ཉེ་འཁོར་གྱི་མི་དང་བྱ་བར་བཟོད་སྒོམ་དང་དྲང་གཞག་གི་ལྟ་སྟངས་འཛིན་དགོས། །

རྩོམ་སྒྲིག་པ། འབྲུག་མོ།