གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར་རང་རྒྱལ་གྱི་གྲོང་མིའི་བདེ་ཐང་བྱང་ཚད་དང་ཆུ་ཚད་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་ཐིག་དྲུག་ཡིན་པ་དེ་ཉིས་སྟོང་བཅུ་བདུན་ལོ་དང་བསྡུར་ན་བརྒྱ་ཆའི་གཉིས་དང་གྲངས་ཆུང་བརྒྱད་བརྒྱད་འཕར་བ་དང་མུ་མཐུད་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཞིང་། དེ་ནི་ལྟ་སྐུལ་ཚད་ལེན་བྱས་ཚུན་འཕར་ཚད་མཐོ་ཤོས་ཀྱི་ལོ་ཞིག་རེད།
རང་རྒྱལ་གྱི་གྲོང་མིའི་བདེ་ཐང་གནད་དོན་རིགས་དྲུག་གི་བྱང་ཚད་ཚད་མི་འདྲ་བའི་ངང་འཕར་ནས་བདེ་ཐང་གི་ཆ་འཕྲིན་བྱང་ཚད་དང་གཅོང་ནད་འགོག་བཅོས་ཀྱི་བྱང་ཚད་ཇེ་མཐོར་སོང་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོའི་གྲོང་མིའི་བདེ་ཐང་གནད་དོན་རིགས་དྲུག་གི་བྱང་ཚད་དང་ཆུ་ཚད་མཐོ་བ་ནས་དམའ་བའི་བར་ནི་བདེ་འཇགས་དང་དོས་དྲག་གི་བྱང་ཚད་བརྒྱ་ཆའི་ལྔ་བཅུ་དང་གྲངས་ཆུང་གཅིག་བརྒྱད་དང་། ཚན་རིག་དང་མཐུན་པའི་བདེ་ཐང་གི་བྱང་ཚད་བརྒྱ་ཆའི་ཞེ་བཞི་དང་གྲངས་ཆུང་བཞི་བརྒྱད། བདེ་ཐང་ཆ་འཕྲིན་གྱི་བྱང་ཚད་བརྒྱ་ཆའི་ཉེར་བདུན་དང་གྲངས་ཆུང་གཅིག་བརྒྱད། གཅོང་ནད་འགོག་བཅོས་ཀྱི་བྱང་ཚད་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་དགུ་དྲུག གཞི་རྩའི་སྨན་བཅོས་ཀྱི་བྱང་ཚད་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་གསུམ་བརྒྱད། འགོ་ནད་འགོག་བཅོས་ཀྱི་བྱང་ཚད་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་ཐིག་ལྔ་བཅས་ཡིན་པ་རེད། །
རྩོམ་སྒྲིག་པ། འབྲུག་མོ།