མཚོ་སྔོན་ཞིང་ཆེན་གྱིས་ན་གཞོན་ལོ་ཆུང་རྣམས་ལ་ཁ་ནད་བདེ་ཐང་འགོག་བཅོས་ཀྱི་གཅེས་སྐྱོང་བྱ་འགུལ་སྤེལ།
2019.09.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་དགུ་བའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ན་ཆུང་གཞོན་ནུ་རྣམས་ལ་ཁ་ནད་བདེ་ཐང་འགོག་བཅོས་ཀྱི་གཅེས་སྐྱོང་བྱ་འགུལ་ཞིང་ཆེན་མི་དམངས་སྨན་ཁང་ནས་སྤེལ་འགོ་བརྩམས་པ་དང་། སྔོན་ཆད་ཀྱི་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པདྨ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད། ཞིང་ཆེན་མི་དམངས་སྨན་ཁང་ན་ཆུང་གཞོན་ནུའི་ཁ་ནད་བདེ་ཐང་འགོག་བཅོས་ལྟེ་གནས་ཀྱི་སྒོ་བྱང་ཡོལ་རས་ཕྱེས།

ཁ་ནད་ནི་ན་གཞོན་ལོ་ཆུང་རྣམས་ཀྱི་བདེ་ཐང་ལ་གནོད་པའི་ནད་རིགས་ཚབས་ཆེན་ཞིག་ཡིན་ལ། ཁོར་ཡུག་སོགས་རྒྱུ་རྐྱེན་མང་པོའི་འགལ་རྐྱེན་དང་ཁ་ནད་བདེ་ཐང་གི་ཤེས་བྱ་འཛོམས་པོ་མིན་པ་སོགས་ཀྱི་དབང་གིས། མཚོ་སྔོན་གྱི་ན་གཞོན་ལོ་ཆུང་རྣམས་ལ་ཁ་ནད་བྱུང་ཚད་བསྟུད་མུར་ཇེ་མང་དུ་འཕེལ་གྱིན་ཡོད་ཅིང་། དེས་ན་གཞོན་ལོ་ཆུང་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བར་གནོད་རྐྱེན་ངེས་ཅན་ཐེབས་ཀྱིན་ཡོད།

རྩོམ་སྒྲིག་པ། འབྲུག་མོ།