སྨན་ཐོ་དགོས་པའི་སྨན་དང་སྨན་ཐོ་མི་དགོས་པའི་སྨན། འཚོ་བཅུད་གསོ་སྨན་བཅས་གང་ཡིན་ནའང་འདྲ། བསྟེན་ནོར་སོང་ཚེ་མཇུག་འབྲས་ཚབས་ཆེན་འབྱུང་སྲིད།
2019.09.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

གཅིག ང་ཚོས་དུས་རྒྱུན་འཐུང་རྒྱུའི་སྨན་ལ་རྒྱུས་ལོན་གསལ་བོ་བྱ་དགོས། དུས་ལྟར་དུ་འཐུང་སྨན་གྱི་ཞིབ་ཐོ་གསར་བརྗེ་བྱ་དགོས།  དེར་སྦྱོར་ཚད་དང་། སྨན་བེད་སྤྱོད་པའི་ཚད་བཅས་འདུ་ལ། ད་དུང་དེ་དག་གི་སྤྱོད་གནས་གསལ་བོ་ཤེས་དགོས། དུས་རྒྱུན་སྨན་པར་སྟོན་དུས་ཞིབ་ཐོ་དང་སྨན་གྱི་ཤོག་སྒམ་ཁྱེར་ནས་འགྲོ་དགོས། འཕྲལ་བཅོས་ཁང་ལ་སྟོན་སྐབས་སུ་ཡང་ཞིབ་ཐོ་ཁྱེར་བའམ་འཐུང་སྨན་གྱི་མིང་ཡིད་ལ་ངེས་དགོས།

གཉིས། སྨན་སྟེར་དུས་དོགས་པ་ཡོད་ན་དེ་མ་ཐག་སྨན་པར་འདྲི་དགོས། སྨན་པས་ཁྱེད་ལ་སྨན་ཐོ་གསར་བ་བཟོ་དུས། སྨན་གྱི་ཚོང་རྫས་ཀྱི་མིང་དང་སྤྱི་སྤྱོད་ཀྱི་མིང་བཅས་གསལ་པོ་དྲིས་ནས་སྨན་ཁང་དུ་སྨན་ལེན་སྐབས་ནོར་འཁྲུལ་མི་འབྱུང་བར་བྱ་དགོས།

གསུམ། སྨན་རྫས་ཤོག་བྱང་གཟབ་ནན་ངང་ཀློག་དགོས། ཁྱེད་ཀྱིས་ངེས་པར་དུ་སྨན་རྫས་ཤོག་བྱང་སྟེང་གི་ནང་དོན་ལ་བལྟས་ནས། སྨན་རྫས་ཡང་དག་ཡིན་པར་ཁག་ཐེག་བྱ་དགོས། སྨན་རྫས་ཐུམ་སྒྲིལ་ཚང་མར་འབྲེལ་ཡོད་ཀྱི་གསལ་བཤད་ཡོད་པས། ནན་ཏན་གྱིས་བལྟ་དགོས།

བཞི།.སྨན་ཐུམ་ཤོག་སྒམ་ཉར་ཚགས་ལེགས་པོ་བྱ་དགོས།  གལ་ཏེ་དངོས་སུ་འཐུང་བཞིན་པའི་སྨན་ཡིན་ན། དེའི་མིང་དང་བསྟེན་ཚུལ་བཅས་ཡིད་ལ་བཟུང་བ་ཁོ་ནས་མི་ཆོག་པར། རབ་ཡིན་ན་སྨན་ཐུམ་ཤོག་སྒམ་ཉར་ཚགས་ཡག་པོ་བྱས་ན་བཟང་། སྨན་ཐུམ་ཤོག་སྒམ་གྱིས་ཁྱོད་ཀྱིས་སྨན་འཐུང་བའི་གནས་ཚུལ་རྗེས་འདེད་ལ་རོགས་རམ་བྱ་ཐུབ།

ལྔ། ཡང་དག་པའི་སྨན་ཁེམ་ལྟར་འཐུང་དགོས།  གསོ་བ་རིག་པའི་ཐོག་ནས་སྨན་ཁེམ་གང་གི་ཚད་ནི་ཧའོ་ཧྲེང5ཡི་ཚད་ཡིན་མོད། འོན་ཀྱང་དོན་དངོས་ཀྱི་བཀོལ་སྤྱོད་བྱེད་སྐབས་ཧེ་བག་ཡོད་སྲིད། (དཔེར་ན།ཧའོ་ཧྲེང3~9) ཨ་རིའི་བྱིས་པའི་ཚན་ཁག་རིག་གཞུང་ལྷན་ཚོགས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལྟར་ན། གཤེར་གཟུགས་ཀྱི་སྨན་རྫས་ཡོད་ཚད་སྨན་སྦྱོར་ཁྲོད་གསལ་བོར་བྲིས་པའི་ཚད་ལྡན་གྱི་ཧའོ་ཧྲེང་ལྟར་འཐུང་དགོས།

དྲུག སྨན་གསར་རྙིང་གཉིས་ཀ་སོ་སོར་བགར་ནས་འཇོག་དགོས།  སྨན་གསར་བ་སྨན་དམ་རྙིང་བའི་ནང་དུ་འཇོག་མི་རུང་པའམ། ཡང་ན་སྔོན་གྱི་སྨན་རྙིང་དང་མཉམ་བསྲེས་བྱ་མི་རུང་སྟེ། སྨན་དམ་རྙིང་པར་ཆ་འཕྲིན་ནོར་བ་ཡོད་སྲིད་པས་སྨན་འཐུང་ཚུལ་ལ་ནོར་འཛོལ་ཐེབས་སྲིད།

བདུན། སྨན་རྫས་ཀྱི་རྣམ་པར་གཏོར་བཤིག་གཏོང་མི་རུང་།  སྨན་ཁྱད་པར་བ་མ་གཏོགས། གཏུབ་པ་དང་རྡུང་བ་སོགས་བྱས་ནས་ཟས་རིགས་གཞན་དང་མཉམ་དུ་འཐུང་མི་རུང་། དེ་ལྟར་བྱས་ཚེ་སྨན་གྱི་ནུས་པར་འགྱུར་ལྡོག་བྱུང་ནས་སྨན་བཅོས་ལ་གནོད་སྐྱོན་བཟོ་བ་མ་ཟད་ཐ་ན་ཉེན་ཁའང་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།