མཚོ་སྔོན་གྱི་བོད་སྨན་ཚན་རིག་ཞིབ་འཇུག་གྲུབ་འབྲས་རྒྱལ་ཡོངས་བོད་ཁུལ་གྱི་མདུན་གྲས་སུ་སླེབས།
2019.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་བོད་སྨན་ཚན་རིག་ཞིབ་འཇུག་གྲུབ་འབྲས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད།

ཉེ་བའི་ལོ་འདི་དག་གི་རིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་རྩྭ་སྨན་དང་མི་རིགས་གསོ་རིག་ལས་དོན་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་རབས་དང་རིམ་པ་དངོས་འབེབས་དོན་འཁྱོལ་གཏིང་ཟབ་བྱས་ནས། རྩྭ་སྨན་དང་བོད་སྨན་གྱི་འཕེལ་རྒྱས་བྱ་བར་གྲུབ་འབྲས་ཆེན་པོ་བླངས་ཡོད་དེ།  བོད་སྨན་གསར་བ་གསར་སྤེལ་བྱེད་སའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མཚོ་སྔོན་དུ་བཙུགས་ཡོད་པ་དང་དུས་རབས་ཉེར་གཅིག་པའི་བོད་ལུགས་གསོ་རིག་དང་བོད་སྨན་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གསོའི་འཆར་འགོད་ཀྱི་བསླབ་གཞི་ཞེས་པ་རྩོམ་སྒྲིག་བྱས་པ་དེས་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་ལ་དངོས་གཞིའི་བསླབ་གཞི་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་པ་དང་། སྒྲིག་རྩོམ་གནང་བའི་བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་ཆེན་མོ་དེ་ཉིད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་ལ། ཞིང་ཆེན་བོད་སྨན་ཁང་དང་ནང་སོག་ཡན་ལག་སྨན་ཁང་། འཇིགས་མེད་བོད་སྨན་ཁང་བཅས་ཀྱིས་རྒྱལ་ཡོངས་ནས་བོད་སྨན་སྒོ་བསྟེན་སྨན་ཁང་བརྒྱ་ལྷག་བཙུགས་པ་ལས་གཞན། ད་དུང་ཨ་རུ་བོད་ལུགས་གསོ་རིག་ཚོགས་པས་འཇར་པན་དང་ཨ་རི་ནས་བོད་ལུགས་གསོ་རིག་ལྟེ་གནས་དང་བོད་ལུགས་གསོ་རིག་བདེ་ཐང་རིག་གནས་ལྟེ་གནས་སོགས་སྒྲིག་གཞི་བཙུགས་པར་མ་ཟད།  མཚོ་སྔོན་སློབ་ཆེན་ལ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་ཡི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྒྱལ་སྤྱིའི་མཉམ་ལས་རྟེན་གཞིའི(མཚོ་སྔོན)རྣམ་གྲངས་ལ་ཆོག་མཆན་ཐོབ་པ་རེད།

རྩོམ་སྒྲིག་པ། འབྲུག་མོ།