​ ནད་ལྗིད་མོར་གཅིག་བསྡུས་སྒོས་གཏན་འཁེལ་བྱས་པའི་སྐྱོབ་བཅོས་བྱེད་སའི་སྨན་ཁང་གང་དག་ཡིན།
2019.11.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 37

གཅིག གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྨན་ཁང་དང་ཆ་རྐྱེན་ཡོད་པའི་རྫོང་མི་དམངས་སྨན་ཁང་ནི་མིད་པའི་འབྲས་སྐྲན་དང་ཕོ་བའི་འབྲས་སྐྲན། རྩམ་ལོང་གི་འབྲས་སྐྲན། གཞང་དཀར་ནག་གི་འབྲས་སྐྲན་བཅས་གཅིག་བསྡུས་ཀྱིས་སྐྱོབ་བཅོས་བྱེད་སའི་སྨན་ཁང་ཡིན། མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་ནི་མཛུབ་སྟོན་སྨན་ཁང་ཡིན་པར་མ་ཟད་རྩད་ཆོད་དཀའ་བའི་ནད་ལྗིད་མོ་སྐྱོབ་བཅོས་བྱེད་པའི་འགན་འཁུར་ཡོད།

གཉིས། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་། རྨ་ལྷོ་ཁུལ་མི་དམངས་སྨན་ཁང་། ན་གོར་མོ་མི་དམངས་སྨན་ཁང་། ཏ་ཐུན་རྫོང་མི་དམངས་སྨན་ཁང་། ཧོང་ཀྲུང་རྫོང་མི་དམངས་སྨན་ཁང་། ཧོང་ཡོན་རྫོང་མི་དམངས་སྨན་ཁང་། ཧུའུ་ཀྲུའུ་རྫོང་མི་དམངས་སྨན་ཁང་། མེན་ཧོ་རྫོང་མི་དམངས་སྨན་ཁང་། ལོ་ཏུའུ་ཆུས་མི་དམངས་སྨན་ཁང་། ཞུན་ཧྭ་རྫོང་མི་དམངས་སྨན་ཁང་། ཕེན་ཨན་ཆུས་ཀྲུང་ལུགས་སྨན་ཁང་བཅས་ནི་མཁལ་མའི་ནད་དུས་མཇུག་གི་གཅིག་བསྡུས་སྐྱོབ་བཅོས་བྱེད་སའི་སྨན་ཁང་ཡིན། ཞིང་ཆེན་མི་དམངས་སྨན་ཁང་ནི་མཛུབ་སྟོན་སྨན་ཁང་ཡིན་པར་མ་ཟད་རྩད་ཆོད་དཀའ་བའི་ནད་ལྗིད་མོ་སྐྱོབ་བཅོས་བྱེད་པའི་འགན་འཁུར་ཡོད།

གསུམ། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་ནི་བྱིས་པའི་ཁྲག་རིལ་དཀར་པོའི་ནད་གཅིག་བསྡུས་སྐྱོབ་བཅོས་བྱེད་སའི་གཏན་འཁེལ་སྨན་ཁང་ཡིན།

བཞི། ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཆེད་ཚན་སྨན་ཁང་ནི་བྱིས་པའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་གཅིག་བསྡུས་སྐྱོབ་བཅོས་བྱེད་སའི་གཏན་འཁེལ་སྨན་ཁང་ཡིན།

ལྔ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྨན་ཁང་དང་ཆ་རྐྱེན་ཡོད་པའི་རྫོང་མི་དམངས་སྨན་ཁང་ནི་ཐུམ་འབུའི་ནད་གཅིག་བསྡུས་སྐྱོབ་བཅོས་བྱེད་སའི་གཏན་འཁེལ་སྨན་ཁང་ཡིན་ལ། ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་ནི་མཛུབ་སྟོན་སྨན་ཁང་ཡིན་པར་མ་ཟད་རྩད་ཆོད་དཀའ་བའི་ནད་ལྗིད་མོ་སྐྱོབ་བཅོས་བྱེད་པའི་འགན་འཁུར་ཡོད།

དྲུག གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་མི་དམངས་སྨན་ཁང་ནི་གློ་གཅོང་ནད་གཅིག་བསྡུས་ཀྱིས་སྐྱོབ་བཅོས་བྱེད་སའི་གཏན་འཁེལ་སྨན་ཁང་ཡིན་ལ། ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནི་མཛུབ་སྟོན་སྨན་ཁང་ཡིན་པར་མ་ཟད་རྩད་ཆོད་དཀའ་བའི་ནད་ལྗིད་མོ་སྐྱོབ་བཅོས་བྱེད་པའི་འགན་འཁུར་ཡོད།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།