ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ།ཁག་གཉིས་པ།
2020.02.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 446

5. ཅི་ཞིག་ལ་ཏོག་དབྱིབས་ནད་དུག་གསར་བ་ཟེར།

ཏོག་དབྱིབས་ནད་དུག་ནི་ནད་དུག་རིགས་ཆེན་པོ་ཞིག་ཡིན་ཏེ།ནད་པའི་ནད་རྟགས་ལ་ཆམ་ནད་ཕལ་བ་ནས་གློ་བར་ནད་བྱུང་བའི་བར་གྱི་ནད་ཀྱི་ལྕི་བབ་ལ་རིགས་འདྲ་མིན་སྣ་ཚོགས་མཆིས།དཔེར་ན།དབུས་ཤར་དབུགས་ལམ་ཕྱོགས་འདུས་ནད(MERS)དང་།ཚབས་ཆེ་བའི་བྲེལ་མྱུར་ཕྱོགས་འདུས་ནད(SARS)བཅས་ཡོད།ཐེངས་འདིར་ཝུའུ་ཧན་དུ་བྱུང་བའི་ཏོག་དབྱིབས་ནད་དུག་གསརབ2019—nCoVནི།སྔོན་ཆད་མིའི་རིགས་ཀྱི་ཁྲོད་དུ་བྱུང་མ་མྱོང་བའི་ཏོག་དབྱིབས་ནད་དུག་གསར་བའི་རིགས་ཤིག་ཡིན།

6.ཏོག་དབྱིབས་ནད་དུག་གསར་བར་ཁྱད་ཆོས་གང་དག་མཆིས།

ཏོག་དབྱིབས་ནད་དུག་གསར་བ་ནིβརིགས་སུ་གཏོགས་པའི་ཏོག་དབྱིབས་ནད་དུག་གསར་བ་ཞིག་སྟེ།དེར་ཐུམ་སྐྱི་ཅན་དང་རིལ་བུ་ཅན།འཇོང་དབྱིབས་སོགས་ཡོད་ལ།དུས་རྒྱུན་དུ་དབྱིབས་སྣ་ཚོགས་ཅན་མཆིས།དེའི་ཚངས་ཐིག་ལ་ཧོ་སྨི60~140བར་ཡོད།གཞི་རྒྱུའི་ཁྱད་རྟགས་ནིSARSr—CoVདངMERSr—CoVབཅས་ཀྱི་བར་ལ་ཁྱད་རྟགས་མངོན་གསལ་མཆིས།ཞིབ་འཇུག་གི་མངོན་རྟགས་དང་།ཕ་ཝང་གིSARSརྣམ་པའི་ཏོག་དབྱིབས་ནད་དུག (bat—SL—CoVZC45)འབྱུང་ཁུངས་ཀྱི་མཚུངས་ཆ85%ཡན་ལ་སླེབས་ཡོད།ལུས་ཕུང་ཁག་དགར་གྱིས་ཕྱི་རུ་གསོ་བའི་དུས་སུ། 2019—nCovནི་དུས་ཚོད96ཡས་མས་སུ་མིའི་དབུགས་ལམ་གྱི་སྐྱི་ལྤགས་གོང་མའི་ཕྲ་ཕུང་ནང་མངོན་པ་དང་།ཡངVeroE6དངHuh—7ཕྲ་ཕུང་རྒྱུད་ཀྱི་ཁྲོད་ཁག་དགར་གསོ་སྐྱོང་བྱེད་ན་ཕལ་ཆེར་ཉིན6ཙམ་དགོས།

ཏོག་དབྱིབས་ནད་དུག་གི་ཁྱད་རྟགས་མང་ཆེ་བ་ཞིགSARS—CoVདངMERS—CoVཡི་ཞིབ་འཇུག་ལས་བྱུང་། ནད་དུག་དེ་ནི་སྨུག་ཕྱིའི་འོད་དང་ཚ་དྲོད་ལ་ཚོར་བ་སྐྱེན།དྲོད་ཚད56→ཏུ་དུས་ཚོད་སྐར་མ30དང་།ཡུས་མུས།ཡུས་ཁྲོན75%ཅན།དབྱང་འདུས་དུག་སེལ་གཤེར་བུ།ཀའོ་དབྱང་ཡུས་སྐྱུར། ཨན་ཧྥང་སོགས་གཤེར་བག་དག་གིས་ཕན་ནུས་ལྡན་པའི་ངང་ནད་དུག་གསོད་ཐུབ་ཅིང་།ལོའུ་ཡུས་ཏེན་གྱིས་ཕན་ནུས་ལྡན་པའི་ངང་ནད་དུག་གསོད་མི་ནུས་པ་ཡིན།

7.མི་ལ་འགོ་བར་བྱེད་པའི་ཏོག་དབྱིབས་ནད་དུག་ལ་རིགས་གང་དག་ཡོད།

ད་ལྟའི་བར། ཐེངས་འདིར་ཝུའུ་ཧན་དུ་བྱུང་བའི་ནད་དུག་རང་བཞིན་གྱི་གློ་བའི་གཉན་ཚད་རིམས་ནད་ཀྱི་ཏོག་དབྱིབས་ནད་དུག་ལས་གཞན།བསྡོམས་ན་མིའི་རིགས་ལ་འགོ་བར་བྱེད་པའི་ཏོག་དབྱིབས་ནད་དུག་རིགས6ཡོད་དེ། (HcoV—229Eདང་། HcoV— OC43、SARS—CoV、HcoV—NL63、HCoV—HKU1、MERS—CoVབཅས་མཆིས)

HCoV—229EདངHCoV—NL63ནིαརུ་གཏོགས་པའི་ཏོག་དབྱིབས་ནད་དུག་ཡིན་པ་དང་།HCoV—OC43、SARS—CoV、HCoV—HKU1、MERS—CoVབཅས་ནིβརིགས་སུ་གཏོགས་པའི་ནད་དུག་ཡིན།དེའི་གྲས་ཀྱིHCoV—OC43དངHCoV—HKU1ནིAཕལ་བའི་གྲས་སུ་གཏོགས་ཤིང་།SARS—CoVནིBཕལ་བའི་གྲས་སུ་གཏོགས་པ་དང་།MERS—CoVནིCཕལ་བའི་གྲས་སུ་གཏོགས་སོ། །

8. ཏོག་དབྱིབས་ནད་དུག་གསར་བ་དེ་མི་དང་མིའི་བར་ལ་འགོ་སྲིད་དམ།

མིག་སྔའི་བདེན་དཔང་གཞིར་བཟུང་ན།ཏོག་དབྱིབས་ནད་དུག་གསར་བ་དེ་མི་དང་མིའི་བར་ལ་འགོ་བར་བྱེད་སྲིད་ཅེས་ཁ་ཚོན་བཅད་ནས་སྨོས་ཆོག ཉེ་ཆར་ཐག་གཅོད་བྱས་ཟིན་པའི་འགོ་ལམ་གཙོ་བོ་ནི།དབུགས་ལམ་གྱི་མཆིལ་མ་བརྒྱུད་ནས་འགོ་བ(སྣ་སྦྲིད་རྒྱག་པ་དང་ལུ་བ་སོགས)དང་།རེག་ཐུག་བརྒྱུད་ནས་འགོ་བ(ནད་དུག་ལ་རེག་པའི་ལག་པས་སྣ་ཁུང་དང་མིག་ཕུར་བ་སོགས)ཡིན།

གཉིས་པ།ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད།

9.ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོ་ལམ།

(1)ཐད་ཀར་འགོ་བ།ནད་པས་སྣ་སྤྲིད་དང་ལུ་བ།སྐད་ཆ་བཤད་སྐབས་མཆིལ་མ་ཐོར་བ་དང་།བར་ཐག་ཉེ་ས་ནས་ཕྱིར་བཏང་བའི་ཁ་རླངས་ཐད་ཀར་ཁོག་ཏུ་བརྔུབས་ཏེ་འགོ་བ།

(2)མཆིལ་མ་དང་མཁའ་དབུགས་འདྲེས་ནས་འགོ་བ།མཆིལ་རླངས་འདྲེས་མའི་ཁ་དབུགས་ཁོག་ཏུ་བརྡུབས་ཏེ་འགོ་བ།

(3)རེག་ཐུག་གིས་འགོ་བ།མཆིལ་ཟགས་དངོས་པོའི་སྟེང་བསགས་པར།དེར་ལག་པས་རེག་ནས་ལག་པར་འབག་བཙོག་བཟོས་པ་དང་།དེ་ནས་ལག་པས་ཁ་ནང་ངམ།སྣ་ཁུང་།མིག་གི་འབྱར་སྐྱི་བཅས་ལ་རེག་སྟེ་འགོ་བ།

10.ཏོག་དབྱིབས་ནད་དུག་ལ་ནད་རྟགས་གང་དག་ལྡན།

རྒྱུན་མཐོང་གི་མིའི་རིགས་ཀྱི་ཏོག་དབྱིབས་ནད་དུག་འགོས་པ་ལ། དབུགས་ལམ་གོང་མར་ནད་བབ་ལྕི་བ་དང་ཡང་བ་ལྡང་བར་བྱེད་པ་སྟེ། དཔེར་ན། ཆམ་ནད་ལྟ་བུ་ནད་རྟགས་ཅུང་ཡང་བ་ཅན་ལ། གཙོ་བོ་སྣ་སྦྲིད་རྒྱག་པ་དང་། མགོ་བོ་ན་བ། གློ་ལུ་བ། མིད་པ་ན་བ། ཚ་རྒྱས་པ་སོགས་ཡོད། སྐབས་འགའ་རེར་དབུགས་ལམ་འོག་མར་ནད་འབྱུང་བར་འགྱུར་ཏེ། དཔེར་ན། གློ་བའི་གཉན་ཚད་དང་། གློ་ཡུའི་ཡན་ལག་ལ་གཉན་ཚད་འབྱུང་བ། གློ་སྙིང་ན་བ། རིམས་འགོག་ནུས་པ་མར་ཆག་པ་སོགས་ཀྱི་གནས་ཚུལ་བྱུང་ཞིང་། བྱིས་པ་དང་བགྲེས་པོར་འབྱུང་སླ།

11. ཏོག་དབྱིབས་ནད་དུག་གསར་བ་འགོས་པར་ནད་རྟགས་གང་དག་འདུག

ཏོག་དབྱིབས་ནད་དུག་གསར་བ་འགོས་པར།ཚ་རྒྱས་པ་དང་ལུས་སྟོབས་མེད་པ།སྐམ་ལུ་བྱེད་པ། རིམ་བཞིན་དབུགས་ལེན་དཀའ་བ་བཅས་ཡོད།ནད་པ་ཁ་ཅིག་ལ་ནད་རྟགས་ཡང་སྟེ།ཚ་རྒྱག་པ་ཙམ་མོ། ཚབས་ཆེན་ཅན་ལ་བྲེལ་མྱུར་ཆེ་བའི་དབུགས་སྔངས་ལེན་གྱི་ཕྱོགས་འདུས་ནད་དང་། ནད་ཀྱིས་དབུགས་ཆད་པ།བཅོས་དཀའི་སྐྱུར་དུག་ཕོག་པ། ཁྲག་རྒྱུན་འཁོར་སྐྱོད་ལ་བཀག་འགོག་ཐེབས་པ་སོགས་ལྡན། དེང་སྐབས་གསོ་བཅོས་བྱེད་བཞིན་པའི་ནད་པའི་གནས་ཚུལ་ལ་བལྟས་ན། ནད་པ་མང་ཆེ་བ་ཞིག་རིམ་བཞིན་དྲག་སྐྱེད་འབྱུང་ཞིང་། ནད་པ་ཉུང་ཤས་ཤིག་ནི་ནད་བབ་ཇེ་ལྕི་རུ་གྱུར་ཏེ་འཆི་བར་འགྱུར་བ་ཡིན།

གོང་གསལ་གྱི་ནད་རྟགས་དེ་དག་ལས་གཞན།ད་དུང“དཔེ་མཚོན་མིན་པ་ཅན”ཡང་ཡོད་དེ། དཔེར་ན།

(1)འཇུ་བྱེད་མ་ལག་གི་ནད་རྟགས་གཙོ་བོ་ཡིན་པའི་སྣང་ཚུལ་ལ། དཔེར་ན། ཡི་ག་ཅུང་ཇེ་ཞན་དུ་འགྲོ་བ་དང་། ཐང་ཆད་པ། ལུས་སེམས་ཉོབ་པ། སྐྱུག་མེར་ལྡང་བ་དང་སྐྱུག་པ། བཤལ་བ་སོགས་མཆིས།

(2)དབང་རྩའི་མ་ལག་གི་ནད་རྟགས་གཙོ་བོ་ཡིན་པའི་སྣང་ཚུལ་ལ། དཔེར་ན། མགོ་བོ་ན་བ་ལྟ་བུ།

(3)ཁྲག་རྩའི་མ་ལག་གི་ནད་རྟགས་གཙོ་བོ་ཡིན་པའི་སྣང་ཚུལ་ལ། དཔེར་ན། སེམས་འཚབ་པ་དང་།དང་ག་ལོག་པ་ལྟ་བུ།

(4)མིག་ནད་ཚན་ཁག་གི་ནད་རྟགས་གཙོ་བོའི་སྣང་ཚུལ་ལ།དཔེར་ན། མིག་སྐྱིའི་གཉན་ཚད་ལང་བ་ལྟ་བུ།

(5)རྐང་ལག་བཞི་དང་སྒལ་བའི་ཤ་གནད་ཅུང་ཟད་ན་བ།

12. ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་ཀྱི་ནད་རྟགས་དང་ཆམ་རིམས་ནད་རྟགས་བར་ཁྱད་པར་གང་དག་མཆིས།

ཆམ་རིམས་ཀྱི་ནད་རྟགས་གཙོ་བོའི་སྣང་ཚུལ་ལ། མགོ་བོ་ན་བ་དང་ཤ་རྒྱུས་གཟེར་བ།ལུས་ཕུང་ཧྲིལ་པོ་བདེ་བོ་མེད་པ། ལུས་ཚ39~40℃རྒྱས་པ། གྲང་འདར་རྒྱག་པ། མང་ཆེ་བར་ལུས་ཕུང་ཧྲིལ་པོའི་ཤ་གནད་དང་རུས་ཚིགས་གཟེར་བ། ཤེད་ཤུགས་མེད་པ། ཡི་ག་ཇེ་ཞན་དུ་འགྱུར་བ་སོགས་ལུས་ཕུང་ཧྲིལ་པོ་མི་བདེ་བ་དང་། རྒྱུན་དུ་མིད་པ་ན་ཞིང་སྐམ་ལུ་བྱེད་པ། མཚམས་རེར་སྣ་འཚུབ་པ་དང་སྣ་ཆུ་བཞུར་བ། བྲང་རྒྱབ་མི་བདེ་བ་སོགས་འབྱུང་། ཁ་ཅིག་ལ་སྐྱུག་པ་དང་གསུས་པ་གཟེར་བ། བཤལ་བ་སོགས་ཀྱི་ནད་རྟགས་ཡོད་ཅིང་། རྒྱུན་མཐོང་དུ་དེ་ཆམ་རིམས་ཁ་བ་ཅན་ཕོག་པའི་བྱིས་པ་དག་ཡིན།

མིག་སྔར་ཏོག་དབྱིབས་ནད་དུག་གསར་བ་འགོས་པའི་གློ་ཚད་ཀྱི་ནད་རྟགས་ལ།  ད་དུང་ནད་ཐོག་ལག་ལེན་གྱི་རྒྱུ་ཆ་འདང་ངེས་ཤིག་མེད། ད་ཡོད་ཀྱི་དཔེར་མཚོན་ནད་གཞི་གཞིར་བཟུང་ན། ཏོག་དབྱིབས་ནད་དུག་གསར་བ་འགོས་པའི་གློ་བའི་གཉན་ཚད་ལ་ཚ་རྒྱས་པ་དང་ཐང་ཆད་པ། སྐམ་ལུ་བྱེད་པ་སོགས་སྣང་ཚུལ་གཙོ་བོ་ཡིན་ཞིང་། ནད་པ་ཉུང་ཤས་ཤིག་ལ་སྣ་འཚུབ་པ་དང་སྣ་ཆུ་བཞུར་བ། བཤལ་བ་སོགས་དབུགས་ལམ་གོང་མ་དང་འཇུ་བྱེད་མ་ལག་གི་ནད་རྟགས་འབྱུང་། ནད་བབ་ལྕི་བ་ཅན་མང་ཆེ་བར་གཟའ་འཁོར1གི་རྗེས་ནས་དབུགས་འབྱིན་རྔུབ་བྱེད་དཀའ་བ་དང་། ཚབས་ཆེ་བ་ཅན་ནི་མགྱོགས་མྱུར་ངང་བྲེལ་མྱུར་ཅན་གྱི་དབུགས་ལམ་ལ་གནོད་པའི་ཕྱོགས་འདུས་ནད་དུ་གྱུར་འགྲོ། དེང་སྐབས་གསོ་བཅོས་བྱེད་བཞིན་པའི་དཔེ་མཚོན་ནད་ཀྱི་གནས་ཚུལ་ལ་བལྟས་ན། ནད་པ་མང་ཆེ་བ་ཞིག་ཉིན་རེ་བཞིན་དྲག་སྐྱེད་འབྱུང་ཞིང་། བྱིས་པའི་དཔེ་མཚོན་ནད་ཀྱི་ནད་རྟགས་ནི་ལྟོས་བཅོས་ཀྱིས་ཅུང་ཡང་ལ།ནད་པ་ཉུང་ཤས་ཤིག་ནི་ཧ་ཅང་ཚབས་ཆེན་རེད། འཆི་བར་འགྱུར་བའི་དཔེ་མཚོན་ནད་མང་ཆེ་བ་ནི་རྒན་རྒོན་དང་དལ་ནད་ཅན་ཡོད་པའི་ནད་པ་དག་གོ།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་འགྲེམ་བྱས་པའི《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ》ལས་བདམས་ཏེ་བཀོད་པ་ཡིན།

རྩོམ་སྒྲིག་པ། འབྲུག་མོ།