ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ། ཁག་གསུམ་པ།
2020.02.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 96

12.ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་ཀྱི་ནད་རྟགས་དང་ཆམ་རིམས་ནད་རྟགས་བར་ཁྱད་པར་གང་དག་མཆིས།

ཆམ་རིམས་ཀྱི་ནད་རྟགས་གཙོ་བོའི་སྣང་ཚུལ་ལ། མགོ་བོ་ན་བ་དང་ཤ་རྒྱུས་གཟེར་བ། ལུས་ཕུང་ཧྲིལ་པོ་བདེ་བོ་མེད་པ། ལུས་ཚ39~40℃རྒྱས་པ། གྲང་འདར་རྒྱག་པ། མང་ཆེ་བར་ལུས་ཕུང་ཧྲིལ་པོའི་ཤ་གནད་དང་རུས་ཚིགས་གཟེར་བ། ཤེད་ཤུགས་མེད་པ། ཡི་ག་ཇེ་ཞན་དུ་འགྱུར་བ་སོགས་ལུས་ཕུང་ཧྲིལ་པོ་མི་བདེ་བ་དང་། རྒྱུན་དུ་མིད་པ་ན་ཞིང་སྐམ་ལུ་བྱེད་པ། མཚམས་རེར་སྣ་འཚུབ་པ་དང་སྣ་ཆུ་བཞུར་བ། བྲང་རྒྱབ་མི་བདེ་བ་སོགས་འབྱུང་། ཁག་ཅིག་ལ་སྐྱུག་པ་དང་གསུས་པ་གཟེར་བ། བཤལ་བ་སོགས་ཀྱི་ནད་རྟགས་ཡོད་ཅིང་། རྒྱུན་མཐོང་དུ་དེ་ཆམ་རིམས་ཁ་བ་ཅན་ཕོག་པའི་བྱིས་པ་དག་ཡིན།

མིག་སྔར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་རྟགས་ལ། ད་དུང་ནད་ཐོག་ལག་ལེན་གྱི་རྒྱུ་ཆ་འདང་ངེས་ཤིག་མེད། ད་ཡོད་ཀྱི་དཔེར་མཚོན་ནད་གཞི་གཞིར་བཟུང་ན། ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་བའི་གཉན་ཚད་ལ་ཚ་རྒྱག་པ་དང་ཐང་ཆད་པ། སྐམ་ལུ་བྱེད་པ་སོགས་སྣང་ཚུལ་གཙོ་བོ་ཡིན་ཞིང་། ནད་པ་ཉུང་ཤས་ཤིག་ལ་སྣ་འཚུབ་པ་དང་སྣ་ཆུ་བཞུར་བ། ཁོག་པ་བཤལ་བ་སོགས་དབུགས་ལམ་གོང་མ་དང་འཇུ་བྱེད་མ་ལག་གི་ནད་རྟགས་འབྱུང་། ནད་བབ་ལྕི་བ་ཅན་མང་ཆེ་བར་གཟའ་འཁོར1གི་རྗེས་ནས་དབུགས་འབྱིན་རྔུབ་བྱེད་དཀའ་བ་དང་། ཚབས་ཆེ་བ་ཅན་ནི་མགྱོགས་མྱུར་ངང་བྲེལ་མྱུར་ཅན་གྱི་དབུགས་ལམ་ལ་གནོད་པའི་ཕྱོགས་འདུས་ནད་དུ་གྱུར་འགྲོ། དེང་སྐབས་གསོ་བཅོས་བྱེད་བཞིན་པའི་དཔེ་མཚོན་ནད་ཀྱི་གནས་ཚུལ་ལ་བལྟས་ན། ནད་པ་མང་ཆེ་བ་ཉིན་རེ་བཞིན་དྲག་སྐྱེད་འབྱུང་ཞིང་། བྱིས་པའི་དཔེ་མཚོན་ནད་ཀྱི་ནད་རྟགས་ནི་ལྟོས་བཅོས་ཀྱིས་ཅུང་ཡང་ལ། ནད་པ་ཉུང་ཤས་ཤིག་ནི་ཧ་ཅང་ཚབས་ཆེན་རེད། འཆི་བར་འགྱུར་བའི་དཔེ་མཚོན་ནད་མང་ཆེ་བ་ནི་རྒན་རྒོན་དང་དལ་ནད་ཅན་ཡོད་པའི་ནད་པ་དག་གོ།

13.མི་གང་དག་ནི་ཕྱིར་མངོན་པའི་དོགས་པ་ཅན་ཡིན།

ཕྱིར་མངོན་པའི་དོགས་པ་ཅན་ཞེས་པ་ནི་ཏོག་དབྱིབས་ནད་དུག་གསར་པ་ཚད་འཇལ་བྱེད་པར་གདགས་གཤིས་ཅན་གྱི་ནད་པ་དང་། རི་སྐྱེས་སྲོག་ཆགས་སམ་དངོས་ཟོང་།ཁོར་ཡུག་སོགས་དོགས་ཡོད་ཕྱིར་མངོན་སྐབས་སུ་འགོག་སྲུང་མ་བྱས་པའི་ལས་སྣོན་དང་ཉོ་འཚོང་།སྐྱེལ་འདྲེན།སྡེབ་སྐྱེལ། དོ་དམ་སོགས་ཀྱི་མི་སྣ་ལ་བསྟན་པ་ཡིན།

14.མི་གང་དག་ནི་དོགས་པ་ཡོད་པའི་དཔེ་མཚོན་ནད་པ་ཡིན།

ནད་མ་བྱུང་སྔོན་གྱི་ཉིན14རིང་ལ། ཝུའུ་ཧན་ས་ཁུལ་དང་ས་གནས་དེའི་དཔེ་མཚོན་ནད་བསྟུད་མར་མཆེད་པའི་གནས་སུ་ཡུལ་སྐོར་བྱས་མྱོང་བ་དང་། འཚོ་བ་རོལ་མྱོང་བ།ནད་མ་བྱུང་སྔོན་དུ་ཝུའུ་ཧན་གྲོང་ཁྱེར་ནས་ཡོང་བའི་མིའམ།ས་གནས་དེ་རུ་དཔེ་མཚོན་ནད་བསྟུད་མར་མཆེད་པའི་ས་ཁུལ་གྱི་ལུས་ལ་ཚ་རྒྱག་པའི་མི་དང་། དབུགས་ལམ་དུ་ནད་བྱུང་ཡོད་པར་རེག་ཐུག་བྱས་པའི་མི།གཅིག་སྡུད་རང་བཞིན་གྱི་ནད་བྱུང་བའམ།ཏོག་དབྱིབས་ནད་དུག་འགོས་པའི་མིར་རིམས་ནད་རིག་པའི་འབྲེལ་བ་ཡོད་པ་ཅན་ནོ། དུས་མཚུངས་སུ་གཤམ་གསལ་གྱི་ནད་རྟགས་དང་ཆ་འདྲ་བ་དག་སྟེ།

﹙1﹚ལུས་ལ་ཚ་རྒྱག་པ།

﹙2﹚པར་རིས་སུ་གློ་བའི་གཉན་ཚད་ཀྱི་རྟགས་མཚན་ཡོད་པ་དང་། ཐོག་མའི་དུས་ཀྱི་ཁྲ་ཐིག་མང་པོའི་རིས་དང་བར་འགྱུར་ཅན། གློ་བའི་ཕྱི་ཐག་མངོན་གསལ་ཡིན་པ། དེ་ནས་གློ་བ་ཟུང་དུ་ཤེལ་དབྱིབས་མང་དུ་བྱུང་བ། རློན་པའི་གྲིབ་དབྱིབས་དང་། ཚབས་ཆེ་བ་ཅན་ལ་གློ་བ་སྲ་འགྱུར་ལས་གཞན། བྲང་ཁོག་ཏུ་ཆུ་ཅུང་ཟད་བསགས་པ་བཅས་མཐོང་བ།

﹙3﹚ནད་ཐོག་མར་བྱུང་སྐབས་ཀྱི་ཕྲ་ཕུང་དཀར་པོའི་སྤྱི་གྲངས་རྒྱུན་ལྡན་དང་མར་ཆག་པ།ཡང་ན་རྨེན་བུའི་ཕྲ་ཕུང་གི་གྲངས་ཚད་ཇེ་ཉུང་དུ་ཕྱིན་ཡོད་མཁན།

15.ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཇི་ལྟར་ངོས་འཛིན་བྱ་དགོས།

དོགས་པ་ཡོད་པའི་དཔེ་མཚོན་ནད་ཀྱི་ཚད་གཞི་རྨང་གཞི་བྱས་ཐོགདབུགས་ལམ་གྱི་མ་དཔེ་དང་།ཁྲག་གི་མ་དཔེ། RT—PCRཚད་འཇལ་བྱས་ཚེ།ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་དེ་གདགས་གཤིས་དང་།དབུགས་ལམ་གྱི་མ་དཔེའམ།ཁྲག་གི་མ་དཔེ་ནད་དུག་གཞི་རྒྱུའི་ཚད་རིམ་དག་ཤེས་རྟོགས་བྱུང་བའི་ཏོག་དབྱིབས་ནད་དུག་གསར་པའི་འབྱུང་ཁུངས་དང་ཧ་ཅང་འདྲ་ཚེ།ཏོག་དབྱིབས་ནད་དུག་གསར་པའི་ནད་དུ་ངོས་འཛིན་བྱ་ཆོག

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་འགྲེམ་བྱས་པའི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ》ལས་བདམས་ཏེ་བཀོད་པ་ཡིན།

རྩོམ་སྒྲིག་པ། འབྲུག་མོ།