ཏོག་གསར་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ། ཁག་དྲུག་པ། 
2020.03.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 27

27.ལག་པ་གཙང་མར་བཀྲུ་སྟངས།

(1) བཞུར་ཆུའི་འོག་ཏུ་ལག་ཟུང་རློན་པར་གཏོང་བ།

(2) འདག་རྫས་གང་འཚམ་རེ་ལག་པའི་ཕྱི་ནང་དང་མཛུབ་བར་དུ་སྙོམ་པོར་བྱུགས་པ།

(3) ནན་ཏན་སྒོས་ལག་པ་ཕན་ཚུན་ཕུར་ཕུར་ཉུང་མཐའ་ཡང་སྐར་ཆ15ཡུན་ལ་བྱེད་པ།བྱེད་སྟངས་བྱེ་བྲག་ཏུ་གཤམ་གསལ་ལྟར།

1) མཛུ་གུ་མཉམ་གཤིབ་བྱས་ནས་ལག་མཐིལ་ཕན་ཚུན་གཏད་ཏེ་ཕུར་ཕུར་བྱེད་པ།

2) ལག་ངོས་ཀྱིས་ལག་ཕྱི་དང་མཛུབ་བར་བཅས་ལ་མཛུ་གུ་ཕན་ཚུན་བསྣོལ་ནས་ཕུར་ཕུར་བྱེད་པ།

3) ལག་མཐིལ་ཕན་ཚུན་ཁ་གཏད་དུ་མཛུ་གུ་ཕན་ཚུན་བསྣོལ་ནས་ཕུར་ཕུར་བྱེད་པ།

4) མཛུ་གུ་རྣམས་བཀུག་ནས་མཛུབ་ཚིགས་ལག་མཐིལ་གཞན་པའི་ངོས་སུ་ཕན་ཚུན་རེས་བསྐོར་ནས་ཕུར་ཕུར་བྱེད་པ།

5) ལག་པ་གཡས་པས་གཡོན་པ་དང་ཡང་ན་གཡོན་པས་གཡས་པའི་མཐེབ་ཆེན་བཙུར་ནས་སྐོར་ཕུར་བྱེད་པ།

6) ལག་པ་གཡས་གཡོན་གྱི་མཛུ་གུ་ལྔ་པོ་མཉམ་གཅིག་ཏུ་བསྡུས་ནས།ལག་མཐིལ་གཡས་གཡོན་དུ་རེས་བསྐོར་ནས་ཕུར་ཕུར་བྱེད་པ།

7) བཞུར་ཆུའི་འོག་ཏུ་ལག་ཟུང་གཙང་བཤལ་བྱ་དགོས།

8)ལག་ཟུང་གཙང་མར་ཕྱིས་རྗེས།པགས་སྲུང་རྫས་གང་འཚམ་རེ་བྱུགས་ན་ལེགས།

28.མང་ཚོགས་ཀྱིས་རང་སྒེར་ནས་སྔོན་འགོག་ཇི་ལྟར་བྱེད་པ།

(1)རབ་ཡིན་ན་སྒོའི་ཕྱི་རུ་མི་འགྲོ་བ།

1)རིམས་ནད་མཆེད་བཞིན་པའི་ས་ཁུལ་དུ་མི་འགྲོ་བ།

2)རིམས་ནད་མཆེད་བཞིན་པའི་སྐབས་སུ་ཁྱིམ་ཉུལ་གྲོང་ཉུལ་ལམ་མཉམ་དུ་ཟས་ལ་མི་སྤྱོད་པ།རབ་ཡིན་ན་ཁྱིམ་དུ་ངས་གསོས་ནས་བསྡད་ན་ལེགས།

3)མི་མང་འདུ་སའི་གནས་དང་ལྷག་པར་དུ་མཁའ་དབུགས་འཁོར་སྐྱོད་གཉོམ་པའི་གནས་ཏེ།དཔེར་ན།སྤྱི་སྤྱོད་ཁྲུས་ཁང་དང་ཆུ་ཚན།གློག་བརྙན་ཁང་།དྲ་ཁང་།ཚོང་ཁང་།རླངས་འཁོར།མེ་འཁོར།གནམ་གྲུ་ས་ཚིགས།གྲུ་ཁ།འགྲེམ་སྟོན་ཁང་། KTVསོགས།

(2)རང་སྒེར་ནས་སྔོན་འགོག་དང་གཙང་སྦྲ།

1)སྒོའི་ཕྱི་ལ་འགྲོ་དུས་ཁ་ཐུམ་རྒྱག་པ།སྒོའི་ཕྱིར་བུད་ནས་མི་མང་འདུ་སར་འགྲོ་བ་དང་།ཡང་ན་སྨན་པར་བསྟེན་དུ་འགྲོ་བ།སྤྱི་སྤྱོད་འགྲིམ་འགྲུལ་ལ་སྡོད་སྐབས།སྨན་སྤྱོད་ཕྱི་ཚན་ཁ་ཐུམ་མམ།ཁ་ཐུམN95རྟགས་ཅན་རྒྱག་དགོས།

2)ལག་པར་གཙང་སྦྲ་གང་ལེགས་བྱ་དགོས།སྤྱི་སྤྱོད་འདུ་རའི་དངོས་པོར་རེག་ཐུག་མི་བྱེད་པ་དང་།གནས་དེ་དག་ལས་ཕྱིར་ལོག་པའམ་ཁ་ལག་པས་བསྐྱོར་ནས་གློ་ལུ་བརྒྱབ་རྗེས།ཟ་མ་མ་ཟོས་པའི་སྔོན་དང་ཆབ་གསང་བྱས་རྗེས་འདག་རྫས་བཀོལ་ནས་བཞུར་ཆུའི་འོག་ཏུ་ལག་པ་བཀྲུ་བ།ཡང་ན་ཆང་བཅུད་ལྡན་པའི་འདག་རྫས་བཀོལ་ནས་བཀྲུ་དགོས།ལག་པ་གཙང་མིན་མི་ངེས་དུས་ཁ་སྣ་མིག་བཅས་ལ་མི་རེག་པ།སྣ་སྦྲིད་བརྒྱབ་པ་དང་གློ་ལུ་བྱེད་དུས་ལྭའི་ཕུ་རུང་བཀོལ་ནས་ཁ་སྣ་བཏུམ་དགོས།

(3)བདེ་ཐང་ལ་ལྟ་ཞིབ་ཚད་ལེན་དང་སྨན་པར་བསྟེན་ལུགས།

1)རང་འགུལ་སྒོས་རང་ཉིད་དང་ཁྱིམ་མིའི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱ་དགོས་པར་མ་ཟད།ལུས་ཚ་རྒྱས་པར་སྙམ་སྐབས་དུས་ལྟར་ལུས་ཚ་ཚད་ལེན་བྱ་དགོས།ཁྱིམ་དུ་བྱིས་པ་ཡོད་ན་ནངས་དགོང་ལ་བྱིས་པའི་ཐོད་པར་རེག་ནས་ལུས་ཚ་རྒྱས་ཡོད་མེད་ལ་གཟབ་རྒྱུ་གཙོ།

2)གལ་ཏེ་དོགས་པ་འབྱུང་བྱེད་ཀྱི་ནད་རྟགས་རེ་བྱུང་ན།དུས་ལྟར་ཁ་ཐུམ་བརྒྱབ་ནས་ཉེ་སའི་སྨན་ཁང་དུ་སོང་ནས་སྨན་པར་བསྟེན་དགོས།ཏོག་དབྱིབས་ནད་དུག་གསར་པ་འགོས་པ་ལྟ་བུའི་ནད་རྟགས་དོགས་པ་ཅན(ཚ་རྒྱག་པ་དང་ལུ་བ།མིད་པ་ན་བ།དབུགས་འཚང་བ།འབྱིན་རྔུབ་དཀའ་བ།དང་ག་ལོག་པ།ལུས་ཐང་ཆད་པ།ལུས་སེམས་ཉོབ་པ།སྐྱུག་མེར་ལྡང་བ་དང་སྐྱུག་པ།ཁོག་པ་བཤལ་བ།མགོ་བོ་ན་བ།སེམས་འཚབ་པ།མིག་སྐྱིའི་གཉན་ཚད་ལང་བ།རྐང་ལག་དང་མཁལ་རྐེད་ཀྱི་ཤ་གནད་ན་བ་སོགས)བྱུང་ན།ནད་གཞིར་དམིགས་ཏེ་དུས་ལྟར་སྨན་པར་བསྟེན་དགོས།རབ་ཡིན་ན་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་སོགས་སུ་མི་འདུག་པ་དང་།མི་མང་འདུ་སའི་གནས་སུ་མི་འགྲོ་བ།སྨན་པར་བསྟེན་སྐབས་རང་འགུལ་སྒོས་རང་དང་འབྲེལ་བའི་ནད་དེའི་མཆེད་ཡུལ་གང་གང་དུ་སོང་བ་དང་།མི་སུ་དང་འཕྲད་པ་སོགས་སྦ་གསང་མེད་པར་བཤད་དེ།སྨན་པར་བསྟུན་གང་ཐུབ་ཀྱིས་འབྲེལ་ཡོད་བརྟག་དཔྱད་ལ་རམ་འདེགས་བྱ་དགོས།

(4)འཕྲོད་བསྟེན་ལ་དོ་སྣང་དང་བདེ་ཐང་གི་གོམས་སྲོལ་ཆགས་པར་བྱ་དགོས།

1)ཁང་པའི་སྒེའུ་ཁུང་ཕྱེས་ཏེ་ཁང་པའི་ནང་རྒྱུན་དུ་མཁའ་རླུང་གསར་པ་རྒྱུ་བར་བྱ་དགོས།

2)ཁྱིམ་ལ་གད་བདར་དང་སྣོད་ཀ་ཅ་གཙང་མར་བྱེད་པ།ལྭ་བ་དང་ཉལ་ཐུལ་ཉི་མར་ལྡེ་བ་དང་།ཁྱིམ་མི་རྣམས་ཀྱི་ཁ་ལག་ཕྱི་སྤྱད་གཅིག་བཀོལ་སྤྱོད་བྱེད་མི་རུང་།

3)ཁ་ལུད་སྣ་ལུད་གང་སར་མི་འཕེན་པ་དང་།ཁ་ལུད་སྣ་ལུད་ཕྱིས་པའི་གཙང་ཤོག་གང་སར་མི་འཕེན་པར་སྙིགས་སྒམ་དུ་འཕེན་དགོས།

4)འཚོ་བཅུད་ལ་མཉམ་འཇོག་དང་འོས་འཚམ་གྱི་སྦྱོང་བརྡར་བྱེད་པ།

5)རི་སྐྱེས་སྲོག་ཆགས་ཀྱི་ཤ་ཟ་བའམ།ཡང་ན་རི་སྐྱེས་སྲོག་ཆགས་ལ་རེག་པ།རབ་ཡིན་ན་སྲོག་ཆགས་གསོན་པོ་འཚོང་སའི་ཚོང་རར་མི་འགྲོ་བ།

6)ཁྱིམ་ནས་ཚ་གྲང་ལ་ལྟ་བྱེད་དང་།སྨན་སྤྱོད་ཕྱི་ཚན་ཁ་ཐུམ་དང་།ཡང་ནN95ཅན་གྱི་ཁ་ཐུམ།ཁྱིམ་སྤྱོད་དུག་སེལ་སྨན་རྫས་སོགས་གྲ་སྒྲིག་བྱས་ཏེ་འཇོག་དགོས། །

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་འགྲེམ་བྱས་པའི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ》ལས་བདམས་ཏེ་བཀོད་པ་ཡིན།

རྩོམ་སྒྲིག་པ། འབྲུག་མོ།