མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཐད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.03.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་གཡུལ་འགྱེད་དང་སྤྱི་ཁོག་གི་གཡུལ་འགྱེད། འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པའི་གནད་འགག་དུས་སྐབས་སུ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་བཏོན་པའི་འབོད་སྐུལ་ཡིན། ཞིང་ཆེན་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་ཆེད་དུ་བཀོད་སྒྲིག་བྱས་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་དང་ལེན་བྱས་པ་ནི་དུས་ལ་འཁེལ་བ་དང་དགོས་མཁོ་ཆེ་བ་ཞིག་ཡིན་པས། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་ནས་བཟའ་བཏུང་གོམས་སྲོལ། སྤྱི་ཚོགས་སེམས་ཁམས་བདེ་ཐང་། སྤྱི་ཐུན་འཕྲོད་བསྟེན་སྒྲིག་ཆས་སོགས་ཕྱོགས་མང་པོའི་ཐད་ནས་བྱ་བ་སྤེལ་བའི་རེ་བ་གལ་ཆེན་ལ་དམིགས་པ་དང་། ད་ལྟ་སྤེལ་བཞིན་པའི་མི་སྣའི་གསོ་སྦྱོང་དང་ལང་རྐང་སྦྱོང་བརྡར། ཁོར་ཡུག་བཅོས་སྐྱོང་ལ་ཟུང་འབྲེལ་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བར་དམ་འཛིན་བྱེད་དགོས། རང་སྟེང་དང་ཉེ་འགྲམ་གྱི་མི་དང་དོན་དག་ལ་རྐང་བཙུགས་ནས། སྣེ་ཁྲིད་བཟང་བོ་བྱེད་པ་དང་སྐུལ་སློང་ནན་མོ་བྱེད་པ། སྲོལ་སྒྱུར་རྙིང་འདོར་དང་རིམས་ནད་སྔོན་འགོག གཙང་སྦྲ་ཡག་པོ་བྱེད་པ། བདེ་ཐང་ལ་འགན་སྲུང་བྱེད་པའི་སྤྱི་ཚོགས་སྣང་ཚུལ་གྲུབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དུས་རབས་གསར་བའི་དཔལ་ཡོན་བདེ་ཐང་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་ཀྱི་འཚོ་བའི་རྣམ་པར་བསྟུན་ནས་སྔར་ལས་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་རོལ་ཐུབ་པར་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་འཕྲོད་བསྟེན་བྱ་བའི་གྲུབ་འབྲས་དང་མི་འདང་སར་ལྟ་སྟངས་བཟང་བོ་འཛིན་པ། འབུར་ཐོན་གནད་དོན་ལ་དམིགས་པ། ཉམས་ཞན་སར་དམ་འཛིན་བྱེད་པ། མཁར་གྲོང་ཁོར་ཡུག་འཕྲོད་བསྟེན་ལེགས་བསྒྱུར་བྱེད་པ། ཁོར་ཡུག་འཕྲོད་བསྟེན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། གསང་སྤྱོད་གསར་བརྗེ་ཤུགས་ཆེན་པོས་སྤེལ་བ། འཕྲོད་བསྟེན་འཛུགས་སྐྲུན་བྱ་འགུལ་རྒྱུན་མཐུད་ངང་སྤེལ་བ། སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུ་དོ་མཉམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། བདེ་ཐང་དཔལ་ཡོན་གྱི་འཚོ་བ་རོལ་སྟངས་དར་སྤེལ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྱོན་ཡོངས་ཀྱི་རྒྱལ་ཁ་ལེན་པའི་ཐད་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ཤུགས་ཡོད་འགན་སྲུང་འདོན་སྤྲོད་བྱེད་དགོས། མི་དམངས་ཀྱི་བདེ་ཐང་ལ་འགན་ཁུར་བའི་རྣམ་པར་བརྟེན་ནས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་མང་ཚོགས་ལ་སྐུལ་སློང་གཏོང་བ། ཟིལ་ཤུགས་བསྐྲུན་པ། ལྟ་ཞིབ་ལ་ཤུགས་སྣོན་པ། འགན་འཁྲི་གཏན་ཁེལ་བྱེད་པ། མཉམ་ཤུགས་གཅིག་ཏུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་བྱ་བ་ཡང་བསྐྱར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཁོང་ཡུང་གིས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་ཟུང་འབྲེལ་དམ་ཟབ་བྱས་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་ཚ་རླབས་འཕྱུར་བར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ལག་བསྟར་ཇུས་གཞིའི་རེ་བ་ལྟར་ལག་བསྟར་དམ་འཛིན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་མི་སྡོད་ཁོར་ཡུག་སྔར་ལས་ལེགས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་ཟུང་འབྲེལ་བྱས་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། ལས་བགོས་མཉམ་ལས་དང་མཉམ་འཛིན་མཉམ་སྡོམ་བྱས་ཏེ། བདེ་ཐང་མཚོ་སྔོན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་གཏོང་བའི་ལག་བསྟར་ཇུས་ལ་འགྲེལ་ཀློག་བྱས་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཐིན་དང་ཅུའུ་སོ་སོ་དང་གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད།

རྩོམ་སྒྲིག་པ། འབྲུག་མོ།