རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་ཏེ་ལས་ཞུགས་བརྟན་འཇགས་བྱེད་ཐབས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་འགྲེམ་སྤེལ་བྱས།
2020.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་ཏེ་ལས་ཞུགས་བརྟན་འཇགས་བྱེད་ཐབས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་འགྲེམ་སྤེལ་བྱས། ལག་བསྟར་བསམ་འཆར་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བར་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་བྱས་ཏེ། མགྱོགས་མྱུར་སྒོས་སླར་གསོ་བྱེད་པ་དང་ལས་ཞུགས་བརྟན་འཇགས་སུ་གཏོང་དགོས་ལ། རིམས་ནད་འགོག་བཅོས་ཚོད་འཛིན་དོན་ཐོག་ཏུ་འཁྱོལ་བ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བློ་བརྟན་འགྱུར་མེད་སྒོས་ལས་ཞུགས་བརྟན་འཇགས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས་པའི་རེ་བ་བཏོན། བསམ་འཆར་ལས་ལས་ཞུགས་ཐོག་མར་དམ་འཛིན་བྱེད་པའི་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། ཞིང་བ་ཞོར་ལས་བ་བདེ་འཇགས་དང་གོ་རིམ་ཡོད་པའི་སྒོ་ནས་ལས་ཀར་ཞུགས་པར་སྣེ་ཁྲིད་བྱེད་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ། དཀའ་ཁག་ཆེ་བའི་མི་སྣའི་མས་སྐྱོར་འགན་སྲུང་ལ་ཤུགས་སྣོན་པ། ལས་རིགས་གསོ་སྐྱོང་དང་ལས་ཞུགས་ཞབས་ཕྱི་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་ལྔའི་ཐད་ལ་བྲེ་བྲག་གི་སྲིད་ཇུས་དང་བྱེད་ཐབས་བཏོན།

རྩོམ་སྒྲིག་པ། འབྲུག་མོ།