གཉིད་ལས་སད་མ་ཐག་འགུལ་སྐྱོད་དྲག་པོ་བྱེད་ཆོག་གམ།
2020.05.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

གཉིད་པ་ནི་ཀླད་ཆེན་གྱི་སྐྱི་པགས་ལ་ཚོད་འཛིན་ཐེབས་པའི་གོ་རིམ་གྱི་འཕེལ་རིམ་ཞིག་ལ་ཟེར་ཞིང་། སྲུང་སྐྱོབ་རང་བཞིན་གྱི་ཚོད་འཛིན་ཞེས་ཀྱང་འབོད་དོ།། གཉིད་ལོག་པའི་སྐབས་སུ་ཀླད་ཆེན་གྱི་སྐྱི་པགས་རིམ་པའི་དབང་རྩའི་ཕྲ་ཕུང་ལ་སྲུང་སྐྱོབ་རང་བཞིན་གྱི་ཚོད་འཛིན་ཐེབས་པར་བརྟེན་ནས་ངལ་གསོ་བཞིན་ཡོད་ལ། དུས་མཚུངས་སུ་མིའི་ལུས་སྟེང་གི་དབང་བོ་གཞན་དག་ཀྱང་ངལ་གསོ་བའི་རྣམ་པར་ཆགས་ཡོད་པས། རྙིང་ཚབ་གསར་བརྗེ་དང་ལུས་དྲོད་ཇེ་དམའ་རུ་འབབ་པ་དང་། དོན་སྣོད་འགུལ་སྐྱོད་བྱེད་ཚད་འོས་ཤིང་འཚམ་པ། ཁྲག་ཤེད་ཀྱང་རིམ་བཞིན་མར་འབབ་ཐུབ་པར་མ་ཟད། ལྷག་ཏུ་སྙིང་གི་ལྡིང་ཚད་ཇེ་དལ་དུ་སོང་ནས་ནུས་ཤུགས་འདོན་མི་དགོས་པར་དབུགས་བླངས་ཆོག་ལ། ཕོ་བའི་ཟགས་ཐོན་གཤེར་ཁུ་དང་གཅིན་འགྱུར་ཚད་ཀྱང་ཇེ་ཉུང་དུ་འགྲོ་ཐུབ།

གཉིད་ལས་སད་པའི་སྐབས་སུ། མཐོ་རིམ་དབང་རྩའི་ལྟེ་བར་ཚོད་འཛིན་བྱེད་པའི་གོ་རིམ་མཇུག་རྫོགས་མ་ཐག་ཡིན་པས། ལུས་པོ་ཡོངས་ཀྱི་ཤ་གནད་ལྷོད་པོར་གྱུར་ཡོད་པས་འགུལ་སྐྱོད་བྱེད་པར་འཚམ་པོ་མིན། སྐེད་པ་དང་ཉྭ་རིལ། ལག་པ། རྐང་པ་སོགས་ལྷོད་ལ་བབས་ཡོད་པས་ལུས་པོ་ཡོངས་ལ་ཤེད་ཤུགས་མེད་པ་དང་། མི་ལ་ལ་ཞིག་ད་དུང་གཉིད་སད་མ་སད་དུ་གནས་ཡོད། སྐབས་དེར། གལ་ཏེ་ཁྱེད་ཉིད་འགུལ་སྐྱོད་དྲག་པོ་བྱས་ན་ཐོབ་འོས་པའི་ཕན་འབྲས་ཐོབ་མི་སྲིད་པར་མ་ཟད། ད་དུང་ཤེད་ཤུགས་འདོན་ཚད་མགྱོགས་དྲག་པས་ལུས་པོའི་འགུལ་སྐྱོད་ཐེག་ཚད་ལས་བརྒལ་ནས་ཤུགས་རྐྱེན་ངན་པ་ཐེབས་པའམ་རྨས་སྐྱོན་ཕོག་ངེས། ཁྱད་པར་དུ་གཟུགས་གཞི་བདེ་ཐང་མིན་པའི་མི་ཡིས་བཙན་གྱིས་སྦྱོང་བརྡར་བྱས་ན་ནད་རིགས་སྣ་ཚོགས་བསྐྱེད་པ་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།