འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་འོག་འཛམ་གླིང་གི་མི་ཆོས་རིང་ལུགས་ཉམས་ཉེན་ཛ་དྲག་ཏུ་འགྲོ་སྲིད་ཅེས་བཤད།
2020.07.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 18

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐན་ཏི་སེ་ཡིས་ཉེ་ཆར་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་གི་མདུན་དུ་ལྷགས་པའི་གནད་དོན་གང་མང་ཛ་དྲག་ཏུ་གཏོང་སྲིད་པ་དང་། དེའི་ནང་དུ་ལོ་མང་པོའི་འགལ་རྐྱེན་དང་དེ་མིན་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་གཞན་པ་སོགས་འདུ། ཁོས་རྒྱལ་ཁབ་སོ་སོས་རིམས་ནད་བྱུང་བའི་སྐབས་སུ་གཞི་རྩའི་འཕྲོད་བསྟེན་ཞབས་ཞུའི་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱེད་དགོས་པའི་རེ་འབོད་བཏོན།

ཐན་ཏི་སེ་ཡིས་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་དོན། རིམས་ནད་ནི་དེང་སྐབས་འཛམ་གླིང་ཡོངས་ཀྱིས་ཡིད་འཇོག་བྱེད་པའི་གནད་དོན་ཞིག་ཡིན་ནའང་འཛམ་གླིང་གི་མདུན་དུ་ལྷགས་པའི་འཇིགས་སྐུལ་ཉག་གཅིག་ཡིན་ལ། རྒྱལ་ཁབ་མང་པོ་དང་ལྷག་པར་དུ་ཨ་ཧྥེ་རི་ཁ་དང་ཀྲུང་ཏུང་རྒྱལ་ཁབ་ཁ་ཤས་ཀྱིས་སྔར་བཞིན་དུ་ལོ་མང་པོའི་དྲག་ཆས་གདོང་གཏུག་དང་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་གཞན་དག་གི་སྡུག་བསྔལ་མྱོང་བཞིན་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་དང་རིམས་ནད་ཚོད་འཛིན་བྱེད་པར་སྤྱད་པའི་ཚད་ཡོད་བྱེད་ཐབས་ཀྱིས་འཛམ་གླིང་ཡོངས་ཀྱི་མི་དུང་ཕྱུར་གཉིས་ལྷག་ཡུན་རིང་ལ་ཛ་དྲག་ཆེ་བའི་གནས་སུ་ལྷུང་ཡོད། དེ་ལས་གཞན་ན་ནིང་མི་དུང་ཕྱུར་དྲུག་ལྷག་ལ་འབྲུ་རིགས་དཀོན་པའི་རྨང་གཞིའི་སྟེང་ད་ལོར་ཡང་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་འོག ཉིས་སྟོང་ཉི་ཤུ་ལོར་མི་དུང་ཕྱུར་གཅིག་ལྷག་ལ་ལྟོགས་སྐོམ་འབྱུང་སྲིད་ངེས་རེད།

རྩོམ་སྒྲིག་པ། འབྲུག་མོ།