རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་གཟེངས་བསྟོད་ཚོགས་ཆེན་ཟླ་དགུ་བའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ལ་ཞི་ཅིན་ཕིང་གིས་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་གཟེངས་རྟགས་གནང་བ་མ་ཟད་གཏམ་བཤད་གནང་།
2020.09.09 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 4

རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་བཅོས་བྱས་པའི་གཟེངས་བསྟོད་ཚོགས་ཆེན་ཟླ་དགུ་བའི་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས་པ་དང་།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

ཚོགས་ཆེན་སྟེང་ད་དུང་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་བཅོས་བྱས་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཚོགས་པ། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱས།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཞིན་ཧྭ་གསར་འགྱུར་དྲ་བས་ཚོགས་ཆེན་གྱི་ནང་དོན་ལ་ཡུལ་དངོས་ནས་ཐད་གཏོང་བྱས་ཤིང་། མི་དམངས་དྲ་བ་དང་ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་དྲ་བ་སོགས་ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གཙོ་བོ་དག་དང་། མི་དམངས་ཉིན་རེའི་ཚགས་པར་དང་གྱི་སྤྱོད་སྣེ། ཞིན་ཧྭ་གསར་འགྱུར་ཁང་གི་སྤྱོད་སྣེ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་སྤྱོད་སྣེ་བཅས་སྨྱན་སྦྱོར་གསར་པའི་ལས་སྟེགས་ལས་དུས་མཉམ་དུ་བརྒྱུད་གཏོང་བྱས། །

རྩོམ་སྒྲིག་པ། འབྲུག་མོ།