མཚོ་སྔོན་ཞིང་ཆེན་གྱིས་རྫོང་མཁར་གྱི་གསོ་རིག་སྨན་བཅོས་ཁྱབ་ཁོངས་སུ“རྫོང་གིས་དོ་དམ་བྱེད་པ་དང་ཞང་གྲོང་གིས་བཀོལ་སྤྱོད་བྱེད་པའི”ལམ་ལུགས་ལག་བསྟར་བྱ་རྒྱུ་རེད།
2020.10.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 2

ཉིན་འགའི་སྔོན་དུ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།  ཞིང་ཆེན་ཏང་ཨུའི་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་དུ《རྫོང་མཁར་གྱི་གསོ་རིག་སྨན་བཅོས་ཁྱབ་ཁོངས་མི་སྣའི་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱེད་པའི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》གྱི་བརྡ་སྦྱོར་འགྲེམས་སྤེལ་བྱས་པ་དང་།  “འགན་ནུས་སྡེབ་སྒྲིག་དང་།  ཆེད་ལས་དང་སྐབས་བསྟུན་ཟུང་འབྲེལ།  མི་གཅིག་གིས་འགན་འཁྲི་མང་པོ་འཁུར་བ ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས།  རྫོང་མཁར་གྱི་གསོ་རིག་སྨན་བཅོས་ཁྱབ་ཁོངས་སུ“རྫོང་གིས་དོ་དམ་བྱེད་པ་དང་ཞང་གྲོང་གིས་བཀོལ་སྤྱོད་བྱེད་པའི”འཇོན་མི་བཀོལ་སྤྱོད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན།  རྫོང་མཁར་གྱི་གསོ་རིག་སྨན་བཅོས་ཁྱབ་ཁོངས་ཀྱིས་སྨན་ཁང་གི་འགན་འཁུར་བར་སྣེ་ཁྲིད་དགོས་ལ།  ལས་ཁུངས་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་པའི་མི་སྣའི་བསྡོམས་གྲངས་དང་ལས་གནས་གྲུབ་ཚུལ་གྱི་བསྡུར་ཚད་ལྟར་གཅིག་གྱུར་གྱིས་ལས་གནས་འཆར་གཞི་བཟོ་དགོས་པ་དང་།  སྨན་ཁང་ནང་ཁུལ་གྱི་ལག་བསྟར་མི་སྣའི་གཅིག་གྱུར་གྱི་དོ་དམ་བྱེད་པ་དང་གཅིག་གྱུར་གྱིས་ལས་བཟོ་བ་བསྡུ་བ།  གཅིག་གྱུར་གྱིས་ལས་གནས་བཀོད་སྒྲིག་བྱེད་པ།  གཅིག་གྱུར་གྱིས་གསོ་སྦྱོང་བཅས་བྱེད་དགོས་པ་མ་ཟད།  “ལས་འཁྱུར་གཅིག་བྱས་ན་གཅིག་འཐེན་པའི”རྩ་དོན་ལྟར་རང་བྱུང་གི་ལས་ཀའི་རྩལ་ནུས་ཀྱི་ལས་གནས་བརྩི་སྲུང་བྱས་ཏེ།  སྔར་ལས་མང་པོའི་ལས་གནས་མང་པོ་ཞིག་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོ་དང་གཞི་རིམ་དུ་སྤྱོད་དགོས།   སྣེ་ཁྲིད་སྨན་ཁང་གིས་ཞང་གྲོང་འཕྲོད་བསྟེན་ཁང་གི་འབྲིང་རིམ་དང་མཐོ་རིམ་ཆེད་ལས་ལག་རྩལ་གྱི་ལས་གནས་བཟུང་མི་ཆོག་པ་དང་།  འབྲིང་རིམ་དང་མཐོ་རིམ་ཆེད་ལས་ལག་རྩལ་གྱི་ལས་གནས་གྲུབ་ཆའི་བསྡུར་ཚད་སྨན་ཁང་རིམ་པའི་ཁ་གཏད་ཚད་གཞི་ལས་བརྒལ་མི་ཆོག  །

རྩོམ་སྒྲིག་པ། འབྲུག་མོ།