བསམ་སེའུ་ཡི་བྱེད་ལས་ལ་བརྟགས་ཐབས།
2020.11.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 106

དེང་སྐབས་གཉེན་སྒྲིག་གི་ལོ་ཚོད་དེ་སྔོན་ཆད་ལས་ཅུང་འཕྱི་ཞིང་བུད་མེད་ཚོས་བྱིས་པ་སྐྱེས་བའི་ལོ་ཚོད་དེ་ལས་ཀྱང་འཕྱི་བ་རེད། ལྷག་པར་དུ་ཉེ་བའི་ལོ་འདི་འགར། རང་རྒྱལ་གྱིས་བྱིས་པ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་རྗེས། བྱིས་པ་གཉིས་པ་སྐྱེས་པའི་བུད་མེད་ཚོས་ལོ་ཚོད་དེ་བྱིས་པ་ཐོག་མ་སྐྱེས་པའི་བུད་མེད་ཀྱི་ལོ་ཚོད་དང་བསྡུར་ན་མངོན་གསལ་གྱིས་ཆེ་བ་རེད། དེར་བརྟེན། མངལ་སྦྲུམ་འདོད་པའི་བུད་མེད་མང་པོ་ཞིག་ལ་རང་ཉིད་ཀྱི་བསམ་སེའུ་བྱེད་ལས་ཅི་འདྲ་ཡིན་པ་དང་། བསམ་སེའུ་ལོ་ཚོད་ཀྱིས་མངལ་སྦྲུམ་པར་ཤུགས་རྐྱེན་གང་འདྲ་ཐེབས་སྲིད་པའི་དོགས་གཞི་མང་པོ་ཞིག་ཡོད་ངེས།

གཅིག ཁམས་དམར་ལ་བལྟས་ནས་བསམ་སེའི་བྱེད་ལས་ལ་བརྟག་ཆོག

བསམ་སེའུ་ཡི་བུ་སྐྱེས་ཀྱི་བྱེད་ལས་ཞེས་པ་ནི་གཙོ་བོར་བསམ་སེའུ་ཡིས་ཕྱིར་ཕུད་པའི་ཁམས་དམར་ལ་བཤད་པ་རེད། ཁམས་དམར་ཀྱི་སྐྱེས་འཕེལ་དེས་ཁམས་ཝུའི་སྐྱེས་འཕེལ་དང་སྐུལ་རྩིའི་ཟགས་ཐོན་སྣ་ཚོགས་དང་བསྡོངས་ནས། བུ་སྐྱེས་ཀྱི་ནུས་པ་མངོན་པའི་དུས་མཚུངས་སུ་ད་དུང་བུད་མེད་ཀྱི་ལུས་ཁམས་ཀྱང་སྙོམ་སྒྲིག་བྱེད་ཐུབ། བསམ་སེའུ་ཡི་བྱེད་ལས་དེ་ཁམས་དམར་ཀྱི་མང་ཉུང་དང་རྒྱུ་སྤུས་ལ་ཐད་ཀར་འབྲེལ་བ་ཡོད་པ་རེད།

བུད་མེད་རྣམས་ལ་མཚོན་ནས་བཤད་ན། ཨ་མར་མངལ་ཆགས་པ་ནས་བཟུང་ཁམས་དམར་གྱི་གྲུབ་སྟངས་ཆགས་མགོ་བརྩམས་ཡོད། སྦྲུམ་བུ་དེ་བུ་མོ་ཞིག་ཡིན་ཚེ་ཨ་མའི་མངལ་དུ་ཟླ་ངོ་བཞི་ནས་ལྔའི་སྐབས་སུ། སྐྱེས་འཕེལ་ཕྲ་ཕུང་ཧ་ལམ་ས་ཡ་དྲུག་ནས་ས་ཡ་བདུན་ཙམ་གྲུབ་ཡོད་ཅིང་། བྱིས་པ་སྐྱེས་དུས་ལུས་སྟེང་གི་ཁམས་ཝུ་དེ་ཧ་ལམ་ས་ཡ་གཅིག་ནས་ས་ཡ་གཉིས་ཙམ་ལ་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། ལོ་བཅུ་ལྷག་འགོར་རྗེས་བུ་མོའི་ལང་ཚོ་རྒྱས་པའི་དུས་སུ། ལུས་སྟེང་དུ་གནས་ཡོད་པའི་སྐྱེས་འཕེལ་ཕྲ་ཕུང་དེ་འབུམ་གསུམ་ནས་འབུམ་ལྔ་ཙམ་མ་གཏོགས་མེད། བུད་མེད་ཀྱིས་བྱིས་པ་སྐྱེས་ཐུབ་པའི་ལོ་ཚོད་ནི་ལོ་སུམ་ཅུ་ནས་སོ་ལྔའི་རིང་ཡིན་ན། གལ་ཏེ་ཟླ་རེར་ཁམས་དམར་ཐེངས་རེ་ཕྱིར་ཕུད་པའི་དབང་དུ་བཏང་ན། དེའི་སྐབས་སུ་ནུས་སྟོབས་ཆེ་བའི་ཁམས་ཝུ་བཞི་བརྒྱ་ཙམ་འགྲུབ་བཞིན་ཡོད་པས། སྨིན་ཟིན་པའི་ཁམས་དམར་རེ་རེ་ནི་སྐྱེ་འཕེལ་ཕྲ་ཕུང་ཁྲི་ཁྲག་གི་ཁྲོད་ནས་སྙིགས་དོར་བཅུད་ལེན་བྱས་ནས་བྱུང་བ་ཤེས་ཐུབ། ཡང་གཅིག་བཤད་ན། སྐྱེ་འཕེལ་ཕྲ་ཕུང་གཞན་དག་ཀྱང་རྒྱུན་ཆད་མེད་པར་སྙིགས་དོར་བཅུད་ལེན་ཁྲོད་ནས་མེད་པར་བཟོ་བཞིན་ཡོད་པ་རེད། བྱིས་པ་སྐྱེས་ཐུབ་པའི་དུས་ཚིགས་ཀྱི་བུད་མེད་ཀྱི་བྱིས་པ་སྐྱེས་པའི་ནུས་པ་དང་། ཁམས་དམར་གྱི་མང་ཉུང་དེ་ལོ་ཚོད་དང་བསྟུན་ནས་ཇེ་ཞན་དང་ཇེ་ཉུང་དུ་འགྲོ་བ་ནི་ལྡོག་ཐབས་མེད་པའི་བརྒྱུད་རིམ་ཞིག་ཡིན་པ་ཞིབ་འཇུག་མང་པོ་ལས་ར་སྤྲོད་བྱུང་ཡོད། ཁམས་དམར་ཇེ་ཉུང་དུ་ཕྱིན་པ་དང་བསྟུན་ནས་ཁམས་དམར་གྱི་རྒྱུ་སྤུས་ཀྱང་ཇེ་ཞན་དུ་འགྲོ་བཞིན་ཡོད། ཁམས་དམར་གྱི་རྒྱུ་སྤུས་ཇེ་ཞན་དུ་སོང་བའི་མངོན་རྟགས་ནི་ཁམས་དམར་སྨིན་མ་ཐུབ་པ་སྟེ་ཁམས་དཀར་བསྡུ་ལེན་བྱེད་མི་ཐུབ་པ་ཡིན། ཡང་ན་ཁམས་དམར་ཚད་ལས་བརྒལ་བའི་ངང་སྨིན་ཐག་ཆོད་དེ་ཁམས་དམར་གྱིས་རྒྱུན་ལྡན་སྒོས་ཁམས་དཀར་བསྡུ་ལེན་བྱེད་ཚད་དེ་ཇེ་དམར་གྱུར་བའི་མངོན་རྟགས་ཀྱང་ཡོད།

གཉིས། སྒྲ་འདས་གློག་རིས་ལ་བལྟས་ནས་ཁམས་དམར་གྱི་སྐྱེས་འཕེལ་གནས་ཚུལ་ལ་བརྟག་པ།

བུད་མེད་ཀྱི་ལོ་ཚོད་དང་བསམ་སེའི་བྱེད་ལས་རྒུད་པའི་བར་དུ་འབྲེལ་བ་ཟབ་མོ་ཞིག་ཡོད་ཀྱང་དེ་གཉིས་ཀ་ཧ་ཅང་གཅིག་མཚུངས་ཡིན་པའི་ངེས་པའང་མེད། དེས་ན་སྔ་མོ་ནས་རང་ཉིད་ཀྱི་བསམ་སེའུ་གནས་ཚུལ་ཤེས་འདོད་ན། མིག་སྔར་ཆེས་རྒྱུན་མཐོང་གི་བྱེད་ཐབས་གཉིས་ཡོད་པ་ནི་སྒྲ་འདས་ཀྱིས་དཔྱད་ཞིབ་དང་མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩི(AMH) གཉིས་ཡིན།

སྒྲ་འདས་ནི་ཆེས་ཐད་ཀའི་བརྟག་དཔྱད་བྱེད་ཐབས་ཤིག་ཡིན་ཏེ། སྒྲ་འདས་ལ་བརྟེན་ནས་ཐད་ཀར་དུ་བསམ་སེའི་ནང་གི་རྐོང་གཤིས་ཁམས་ཝུའི་གྲངས་ཚད་ལ་ལྟ་ཞིབ་བྱེད་ཐུབ། ཁམས་དམར་གྱི་སྐྱེས་འཕེལ་དེ་དུས་རིམ་འགར་དབྱེ་ཆོག་ཅིང་། དེ་ལས་རྐོང་གཤིས་ཁམས་ཝུའི་དུས་རིམ་ནི་ཆེས་མཇུག་མཐའི་ཚད་རིམ་ཡིན། དུས་རིམ་དེའི་ནང་དུ་ཕལ་ཆེར་ཟླ་མཚན་འབབ་མཚམས་བཞག་ནས་ཉིན་བཅུ་བཞི་ཡས་མས་ཀྱི་མཚམས་སུ། ཁམས་དམར་དེ་རྐོང་གཤིས་ཁམས་ཝུའི་སྐྱེས་འཕེལ་དང་བསྡོངས་ནས་རིམ་གྱིས་སྨིན་པ་དང་། དེ་ནས་ཕྱིར་ཕུད་པ། ཁམས་དཀར་བསྡུ་ལེན་བཅས་བྱེད་པ་ཡིན། དེ་བས་ཟླ་མཚན་འབབ་སྐབས། རྐོང་གཤིས་ཁམས་ཝུའི་གྲངས་ཚད་ལས་ཐེངས་དེའི་ཟླ་མཚན་གྱི་དུས་འཁོར་མཚོན་ཐུབ་ཅིང་སྨིན་ཟིན་པའི་ཁམས་དམར་གྱི་གྲངས་ཚད་ཀྱང་ཤེས་ཐུབ། སྤྱིར་བཏང་དུ་ལོ་ཉེར་ལྔའི་མན་གྱི་བུད་མེད་ལ་སྒྲ་འདས་ཀྱིས་བརྟག་དཔྱད་བྱས་ན་རྐོང་གཤིས་ཁམས་ཝུའི་གྲངས་ཚད་དེ་བཅུ་ནས་ཉི་ཤུ་ཙམ་ཡིན་པ་དང་། ལོ་ཉེར་ལྔ་ནས་སོ་ལྔའི་བར་གྱི་བུད་མེད་ཀྱི་རྐོང་གཤིས་ཁམས་ཝུའི་གྲངས་ཚད་བཅུ་ནས་བཅོ་ལྔ་ཙམ་ཡིན། ལོ་སོ་ལྔ་ནས་བཞི་བཅུའི་བར་གྱི་བུད་མེད་ཀྱི་རྐོང་གཤིས་ཁམས་ཝུའི་གྲངས་ཚད་བདུན་ནས་བཅུ་ཙམ་ཡིན་ཞིང་ལོ་བཞི་བཅུའི་ཡན་ལ་བུད་ཚེ་རྐོང་གཤིས་ཁམས་ཝུ་དེ་རྒྱུན་པར་དྲུག་རེ་ཇེ་ཉུང་དུ་འགྲོ་བཞིན་ཡོད།

སྒྲ་འདས་བརྟག་དཔྱད་ཀྱིས་ཆེས་ཆུང་བའི་ཁམས་ཝུ་དེ་མཐོང་མི་ཐུབ་པས་དེ་ལ་དཔྱད་ཞིབ་དང་གདེང་འཇོག་བྱེད་མི་ཐུབ། ཡིན་ནའང་མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩིས(AMH)ཁམས་ཝུ་ཆུང་བ་དང་རྐོང་གཤིས་ཁམས་ཝུ ་གཉིས་ལ་དུས་མཉམ་དུ་དཔྱད་ཞིབ་གདེང་འཇོག་བྱེད་ཐུབ་པ་ཡིན།

གསུམ། མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩི(AMH)ཡིས་བུད་མེད་ཀྱི་བུ་སྐྱེས་ནུས་པར་ཚོད་དཔག་བྱེད་ཐུབ།

ཅི་ཞིག་ནི་མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩི(AMH)ཡིན་ནམ་ཞེ་ན། དེ་ནི་མངར་ཆའི་སྤྲི་དཀར་སྐུལ་རྩིའི་རིགས་ཤིག་ཡིན་ཞིང་། དེས་ཁམས་ཝུ་ཆུང་བ་དང་རྐོང་གཤིས་ཁམས་ཝུ་བཅས་གསལ་བོར་མཐོང་ཐུབ་ཅིང་། བསམ་སེའུ་ནང་གི་ཁམས་ཝུ་ཆུང་བ་དང་རྐོང་གཤིས་ཁམས་ཝུའི་གྲངས་ཚད་ཇི་ལྟར་མང་ན་མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩིའི(AMH)གར་ཚད་དེ་ལྟར་མཐོ་བ་ཡིན། དེ་ལས་ལྡོག་སྟེ། ཁམས་ཝུ་དེ་ལོ་ཚོད་དང་ཡང་ན་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རིམ་གྱིས་ཇེ་ཉུང་དུ་གྱུར་བའི་སྐབས་སུ། མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩིའི(AMH) གར་ཚད་ཀྱང་དེ་དང་བསྟུན་ནས་ཇེ་དམར་འགྲོ་བ་དང་། བུད་མེད་ཀྱི་ཟླ་མཚན་རྩ་བ་ནས་ཆད་པའི་དུས་ལ་ཐོན་སྐབས། མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩི(AMH)དེ་སྟོང་བར་གྱུར་ཡོད།

དྭངས་ཁྲག་མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩིས(AMH)ཚེ་སྲོག་གི་དུས་འཁོར་ཧྲིལ་བོའི་ནང་གི་ཁམས་ཝུའི་གསོན་ཚད་མངོན་ཐུབ་ཅིང་དང་ཁམས་དམར་གྱི་གསོག་ཚད་དེ་གསལ་བོར་རྟོགས་ཐུབ་པར་མ་ཟད། ཟླ་མཚན་རྩ་བ་ནས་ཆད་པའི་དུས་ཚིགས་ལའང་སྔོན་དཔག་བྱེད་ཐུབ་པས། བུད་མེད་ཀྱི་བུ་སྐྱེས་ནུས་པར་དཔྱད་འཇོག་བྱེད་ཐུབ། དུས་མཚུངས་སུ། མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩི(AMH)དེ་བསམ་སེའུ་ཡི་ནང་དུ་བསགས་པའི་ཐད་ཀའི་མཚོན་རྟགས་དངོས་རྫས་ཤིག་ཡིན་པའི་ཆ་ནས། རྫས་འགྱུར་གྱིས་བརྟག་དཔྱད་གསོ་བཅོས་བྱེད་སྐབས་བསམ་སེའུ་ཡི་ནུས་པར་གནོད་པ་ཡོད་མེད་ལ་སྐབས་བསྟུན་ཚོད་དཔག་བྱེད་པའི་ཐད་ལའང་བཀོལ་ཆོག

དེ་ལས་གཞན། མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩིའི(AMH)ཞིབ་དཔྱད་ཚད་ལེན་གྱིས་ད་དུང་ཚོད་སྦུག་ཕྲུ་གུའི་གསོ་བཅོས་ཀྱི་མཇུག་འབྲས་ལ་སྔོན་དཔག་བྱེད་པར་ཡང་དོན་སྙིང་གལ་ཆེན་ལྡན།

མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩིས(AMH)ད་དུང་ཟླ་མཚན་ཆད་པའི་ལོ་ཚོད་ཀྱང་སྔོན་དཔག་བྱེད་ཐུབ། མིག་སྔར། བུད་མེད་ཀྱིས་བྱིས་པ་སྐྱེས་པའི་ལོ་ཚོད་དེ་སྔོན་ཆད་ལས་ཅུང་འཕྱི་མོད། བསམ་སེའུ་ཡི་བྱེད་ལས་ཉམས་རྒུད་དུ་འགྲོ་ཚད་དེ་མི་རེ་རེའི་གནས་ཚུལ་མི་གཅིག་པས། བུ་སྐྱེས་ནུས་པ་ཉམས་རྒུད་དང་ཟླ་མཚན་ཆད་པའི་ལོ་ཚོད་ལ་སྔོན་དཔག་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ། ཟླ་མཚན་ཆད་པའི་བར་བརྒལ་དུས་སྐབས་ཀྱི་བུད་མེད་ལ་མཚོན་ན། མོའུ་ལི་འགོག་གཟུགས་ཚོད་སྦུག་སྐུལ་རྩིའི(AMH)འགྱུར་ལྡོག་དེ་གཞན་པའི་ནང་གི་ཟགས་ཐོན་ལ་འགྱུར་ལྡོག་འབྱུང་་བའི་དམིགས་ཚད་ལས་སྔ་བ་རེད།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།