མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་སྒྲིག་གཞིས་སོག་སྨན་སྡེབ་སྦྱོར་དང་འདུལ་ཐབས་སྐོར་གྱི་ཕྱོགས་སྟོན(ཉིས་སྟོང་ཉི་ཤུ་ལོའི་པར་གཞི)རྩོམ་སྒྲིག་ལེགས་གྲུབ་བྱུང་།
2020.11.10 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 54

ཉེ་ཆར། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོག་ལུགས་གསོ་རིག་སྨན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 《མཚོ་སྔོན་ཞིང་ཆེན་སྨན་བཅོས་སྒྲིག་གཞིས་སོག་སྨན་སྡེབ་སྦྱོར་དང་འདུལ་ཐབས་སྐོར་གྱི་ཕྱོགས་སྟོན(ཉིས་སྟོང་ཉི་ཤུ་ལོའི་པར་གཞི)》རྩོམ་སྒྲིག་བྱས་ནས་ལེགས་གྲུབ་བྱུང་། ཕྱོགས་སྟོན་དེ་ནི་ཉིས་སྟོང་བཅུ་དགུ་ལོར་རྩོམ་སྒྲིག་པར་འདེབས་བྱས་པའི《མཚོ་སྔོན་ཞིང་ཆེན་སྨན་བཅོས་སྒྲིག་གཞིས་བོད་སྨན་སྡེབ་སྦྱོར་དང་འདུལ་ཐབས་སྐོར་གྱི་ཕྱོགས་སྟོན》ཞེས་པའི་རྗེས་མཐུད་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྨན་རྫས་གླིང་གི་སྨན་རྫས་ཐོ་འགོད་དང་། ཚད་ལྡན་ཅན། ཚད་ལྡན་དོ་དམ་བཅས་ཀྱི་ཉེར་སྤྱོད་ལག་ཆའི་དཔེ་ཆ་ཞིག་ཡིན།

མཚོ་སྔོན་ཞིང་ཆེན་གྱིས་བོད་སོག་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ། སྨན་བཅོས་སྒྲིག་གཞིའི་སོག་སྨན་སྡེབ་སྦྱོར་དོ་དམ་ཚད་ལྡན་དུ་གཏོང་བ། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་མངགས་བཅོལ་ལྟར། ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་ཀྱིས་སྣེ་ཁྲིད་དེ་མཚོ་ནུབ་ཁུལ་སོག་བོད་གསོ་རིག་སློབ་ཚོགས་དང་། མཚོ་ནུབ་ཁུལ་སོག་བོད་གསོ་རིག་སྨན་ཁང་། ཝུའུ་ལན་རྫོང་སོག་བོད་གསོ་རིག་སྨན་ཁང་། ཏུའུ་ལན་རྫོང་སོག་བོད་གསོ་རིག་སྨན་ཁང་བཅས་དང་མཉམ་དུ་《མཚོ་སྔོན་ཞིང་ཆེན་སྨན་བཅོས་སྒྲིག་གཞིས་བཟོས་པའི་སོག་བོད་སྨན་སྡེབ་སྦྱོར་དང་འདུལ་ཐབས་སྐོ་གྱི་ཕྱོགས་སྟོན(ཉིས་སྟོང་ཉི་ཤུ་ལོའི་པར་གཞི)》འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཏེ། རྒྱུན་མཁོའི་སོག་སྨན་གྱི་སོག་ཡིག་གི་མིང་དང་རྒྱ་ཡིག་གི་མིང་། སྒྲ་སྒྱུར་གྱི་མིང་། ལ་ཏིང་གི་མིང་། ལག་བསྟར་ཚད་གཞི། སྔོན་གྱི་ཐག་གཅོད། འདུལ་ཐབས་སོགས་འབྲེལ་ཡོད་ནང་དོན་བཅས་ཚད་ལྡན་གཅིག་གྱུར་བཟོས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པས་ཕྱོགས་སྟོན་དེར་རིགས་པས་ཁུངས་སྐྱེལ་ཏེ། སོག་པོའི་སྨན་རྫས་རིགས་བཞི་བརྒྱ་དང་བཞི་བསྡུས་པའི་ནང་སྲོག་ཆགས་ཀྱི་སྨན་རྫས་རིགས་ཞེ་གཉིས་དང་། གཏེར་རྒྱུ་རིགས་ཞེ་ལྔ།  རྩི་ཤིང་གི་སྨན་རྫས་རིགས་སུམ་བརྒྱ་དང་བཅུ་བདུན་བཅས་ཡོད། ཕྱོགས་སྟོན་ལེགས་སྒྲིག་བྱེད་པའི་ལས་དོན་བསྒྲུབས་སྐབས། 《ཀྲུང་གོའི་སྨན་གཞུང་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡི་སྨན་རྫས་ཀྱི་ཚད་གཞིའི་སོག་སྨན་ཡན་ལག་དེབ》སོགས་རྒྱལ་ཁབ་ཀྱི་ཚད་གཞི་དང་《ནང་སོག་གི་སོག་སྨན་གྱི་ཚད་གཞི》དང་《ནང་སོག་གི་སོག་སྨན་སྨན་རྫས་སྡེབ་སྦྱོར་ཚད་གཞི》སོགས་ས་གནས་ཀྱི་ཚད་གཞི་གཞིར་བཟུང་ནས། རྒྱལ་ཁབ་ཀྱིས་བཀག་སྡོམ་བཀའ་ཁྱབ་བསྒྲགས་པའི་སྲོག་ཆགས་ཀྱི་སྨན་རྫས་མེད་པར་བཟོས་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།