མཚོ་སྔོན་ཞིང་ཆེན་གྱི་མི་ཉིས་བརྒྱ་དང་གཉིས་རྒྱལ་ཡོངས་ཀྱི་ལས་གཉེར་ཕྱུགས་རིགས་སྨན་པའི་ཐོབ་ཐང་རྒྱུགས་ལེན་ནང་ཞུགས།
2020.11.17 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 31

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན། ཉིས་སྟོང་ཉི་ཤུ་ལོའི་རྒྱལ་ཡོངས་ཀྱི་ལས་གཉེར་ཕྱུགས་རིགས་སྨན་པའི་ཐོབ་ཐང་ཡིག་རྒྱུགས་ལེན་མགོ་ཚུགས་པ་དང་། མཚོ་སྔོན་རྒྱུགས་ཁུལ་གྱི་རྒྱུགས་སྤྲོད་སློབ་མ་ཉིས་བརྒྱ་དང་གཉིས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གྲྭའི་རྒྱུགས་ར་ནས་ཡིག་རྒྱུགས་སུ་ཞུགས་པ་རེད།

ལས་གཉེར་ཕྱུགས་རིགས་སྨན་པའི་ཐོབ་ཐང་རྒྱུགས་ལེན་ནི་ཕྱུགས་རིགས་སྨན་པའི་ལས་ཞུགས་ཐོབ་ཐང་གི་ཆོག་འཐུས་རྒྱུགས་ལེན་ཞིག་ཡིན་པ་དང་། ལས་གཉེར་ཕྱུགས་རིགས་སྨན་པའི་ཐོབ་ཐང་རྒྱུགས་ལེན་དེ་ཞིང་ལས་དང་གྲོང་གསེབ་པུའུ་ཡི་ལས་གཉེར་ཕྱུགས་རིགས་སྨན་པའི་ལམ་ལུགས་ལ་སྐུལ་འདེད་གཏོང་བ་དང་ཕྱུགས་སྨན་དཔུང་ཁག་གསར་པ་འཛུགས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དཔུང་ཁག་གི་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་། ལས་གཉེར་ཕྱུགས་རིགས་སྨན་པའི་ཐོབ་ཐང་རྒྱུགས་ལེན་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་རིགས་སྨན་པའི་དཔུང་ཁག་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་། བཟའ་བཅའི་བདེ་འཇགས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་བཅས་ཀྱི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཐེངས་དང་པོར་རྩིས་འཁོར་སྤྱད་ནས་ཡིག་རྒྱུགས་བླངས་བ་དང་། ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་གྱིས་ཞིང་ལས་དང་ཞིང་སྡེ་པུའི་བླང་བྱ་ལྟར་རྩ་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། སྔ་མོ་ནས་གྲ་སྒྲིག  ལྟ་སྐུལ་དོ་དམ་ནན་མོ་བྱས་ནས་ཡིག་རྒྱུགས་ལ་ནོར་འཁྲུལ་མི་ཡོང་བར་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། འབྲུག་མོ།