རྣ་གསང་འཕུར་མཉེད་ཀྱི་གསོ་ཐབས་ནི་ཀྲུང་ལུགས་གསོ་བ་རིག་པའི་གཞུང་ལས་བྱུང་བ་ཞིག་ཡིན་ལ། ཀྲུང་ལུགས་གསོ་བ་རིག་པའི་ཁྲོད་ཀྱི་སྲོལ་རྒྱུན་གྱི་ཕྱི་བཅོས་བྱེད་ཐབས་ཤིག་ཀྱང་རེད། དེ་ནི་སྟབས་བདེ་ཞིང་ཞིབ་བཤེར་བྱེད་སླ་བར་མ་ཟད་ཞོར་སྐྱོན་ཡང་མེད་པས། མགྱོགས་མྱུར་ངང་ནད་རྟགས་ཞི་ལྷོད་དུ་གཏོང་བ་དང་། རྒྱུན་གཏན་སྨན་བཅོས་ལ་རམ་འདེགགས་དང་ཚབ་བྱེད་རྒྱུན་ལྡན་གསོ་བཅོས་སོགས་ཀྱི་ཐད་ལ་ནུས་པ་ངེས་ཅན་ཡོད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད། ང་ཚོས་རྣ་གསང་གི་ངོས་ལ་སྦྱར་སྨན་རྡོག་རིལ་སྦྱོར་བའམ་ཡང་ན་རྣ་གསང་ལ་འཕུར་མཉེད་འོས་འཚམ་བྱས་པ་བརྒྱུད། རྣ་བ་སྐྱུར་བའམ་ཚ་ལངས་པ། ན་ཟུག་སྐྱེས་པ་སོགས་གསོ་བཅོས་བྱེད་ཆོག རིམས་ནད་ཁྱབ་པའི་སྐབས་སུ་ནད་པ་མང་ཆེ་བ་དང་ཁྱིམ་བདག དེ་མིན་སྨན་བཅོས་ལས་རྐང་དུ་ཡོད་པའི་འགོག་བཅོས་མི་སྣ་ཚང་མར་སེམས་ཀྱི་འགལ་རྐྱེན་ལས་སེམས་འཚབ་པའམ་གཉིད་མི་ཁུག་པའི་གནས་ཚུལ་འབྱུང་བ་དང་། མང་ཚོགས་ཁག་ཅིག་ལའང་དུས་ཡུན་རིང་པོར་ཁྱིམ་དུ་བསྡད་པ་ལས་དེ་བཞིན་སེམས་འཚབ་པ་སོགས་ཀྱི་གནས་ཚུལ་འབྱུང་ལ། དེ་ལྟ་བུའི་དཀའ་ཁག་ལ་འཕྲད་པའི་སྐབས་སུ་རྣ་གསང་འཕུར་མཉེད་བྱེད་ཐབས་ལ་བརྟེན་ནས་ནད་རྟགས་ཞི་ལྷོད་དུ་བཏང་ཆོག་པ་རེད། གཉིད་མི་ཁུག་པའི་ནད་ཀྱི་རྣ་གསང་གསོ་བཅོས་ཀྱི་གསང་མིག་གཙོ་བོ་ནི་སྙིང་ཁམས་དང་མཚེར་བ། ཕོ་བ། མཆིན་པ། མཁལ་མ་སོགས་ཡིན།
ཀྲུང་ལུགས་གསོ་བ་རིག་པས་གཉིད་མི་ཁུག་པའི་ནད་རྟགས་ནི་གདགས་འཕར་སྲིབ་ཉམས་ཀྱི་དབང་གིས་གདགས་སྲིབ་གཉིས་དོ་མཉམ་མ་ཡོང་བ་ལས་བྱུང་བར་འདོད་ཅིང་། ནད་རྟགས་དེ་རིགས་ནི་གཙོ་བོ་སྙིང་ཁམས་དང་མཆིན་པ། མཚེར་བ། མཁལ་མ་བཅས་ལ་འབྲེལ་བ་དམ་ཟབ་ཡོད། རྣ་གསང་གསོ་བཅོས་བྱེད་ཐབས་ལ་བརྟེན་ན་སེམས་ཁམས་བདེ་ཞིང་གཉིད་ཁུག་པ་དང་། མཆིན་པའི་གསང་མིག་བརྒྱུད་དེ་མཆིན་རླུང་སྙོམ་སྒྲིག་བྱེད་པ་དང་། སྙིང་དང་མཚེར་བ་དང་མཁལ་མའི་གསང་མིག་བརྒྱུད་ནས་སྙིང་དང་མཁལ་མ་གསོ་བར་བྱེད་པ་ཡིན། དེང་རབས་ཀྲུང་ལུགས་གསོ་བ་རིག་པའི་ངོས་ནས། གཉིད་མི་ཁུག་པ་ནི་ཀླད་ཆེན་གྱི་པགས་པའི་ནུས་པ་ཉམས་པ་དང་དབང་རྩའི་ནུས་པ་དོ་མཉམ་མ་ཡོང་བ་ལས་བྱུང་བར་འདོད་པས། རྣ་གསང་གི་ངོས་ལ་སྦྱར་སྨན་རྡོག་རིལ་སྦྱོར་བའམ་ཡང་ན་རྣ་གསང་འཕུར་མཉེད་བྱས་ན་གཉིད་ཁུག་པ་དང་། སེམས་ཁམས་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ཡོད། །
རྩོམ་སྒྲིག་པ། འབྲུག་མོ།