ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ནས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱལ་ཁབ་གསོ་རིག་ཚོགས་པའི་ཀྲུང་གོའི་སྐྱེ་དངོས་པྲོག་གསར་འགོག་སྨན་ལ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའུ་ཡིས་ཆ་རྐྱེན་ཟུར་བཀོད་འོག་ཚོང་རར་བཀྲམ་ཆོག་པའི་ཆོག་མཆན་བཀོད་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། སྲུང་སྐྱོབ་བྱེད་ཚད་བརྒྱ་ཆའི་དོན་དགུ་དང་གྲངས་ཆུང་གསུམ་བཞི་ཡིན་པ་དང་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན། འགན་འཁུར་ཐུབ་པའི་རང་བཞིན་བཅས་གཅིག་གྱུར་ཐོག་མངོན་འགྱུར་བྱས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའུ་ཡི་འབྲེལ་ཡོད་ཚད་གཞིར་སླེབས་ཡོད། རྗེས་མར། འགོག་སྨན་གྱི་རིམས་འགོག་རྒྱུན་སྲིང་རང་བཞིན་དང་སྲུང་སྐྱོབ་ཕན་འབྲས་ལ་ད་དུང་མུ་མཐུད་དུ་ལྟ་ཞིབ་བྱེད་དགོས། གྲུབ་འབྲས་འདི་ཐོབ་པ་ནི་ལས་སླ་མོ་ཞིག་མིན། ཀྲུང་གོའི་འགོག་སྨན་ཚོང་རར་བཀྲམ་པ་དེས་འཛམ་གླིང་རིམས་ནད་ལས་རྣམ་པར་རྒྱལ་བར་ཡིད་ཆེས་བསྩལ་ཡོད་ལ། འགོག་སྨན་འདི་འཛམ་གླིང་ཡོངས་ཀྱི་སྤྱི་པའི་ཐོན་རྫས་སུ་འགྱུར་བར་ཡང་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
རྩོམ་སྒྲིག་པ། འབྲུག་མོ།