བོད་ལྗོངས་སུ་ཐུམ་འབུའི་ནད་དྲག་སྐྱེད་བྱུང་ཚད་སྐས་རིམ་གསར་པར་སླེབས།
2021.01.05 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 11

བོད་ལྗོངས་ནི་དེ་སྔོན་ཐུམ་འབུའི་ནད་མཆེད་ཚད་ཆེས་ཚབས་ཆེ་བའི་ས་ཁུལ་གྲས་ཤིག་ཡིན།  དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་སྤེལ་བ་ནས་བཟུང་བོད་སྐྱོར་སྨན་བཅོས་རུ་ཁག་གིས་བོད་ལྗོངས་ས་གནས་ཀྱི་ཐུམ་འབུའི་ནད་དྲག་སྐྱེད་བྱུང་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་སུ་བཅུག

བོད་ལྗོངས་ཀྱིས་ཉིས་སྟོང་བཅུ་བདུན་ལོར་ཐུམ་འབུའི་ནད་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ནད་གཞི་ཚབས་ཆེན་གྱི་ཆེད་དམིགས་སྨན་བཅོས་ཀྱི་ནད་རིགས་ནང་བཞག་ཡོད། ཉིས་སྟོང་བཅུ་བདུན་ལོའི་ལོ་སྨད་ནས་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་བར་བོད་ལྗོངས་སུ་ཐུམ་འབུའི་ནད་བྱུང་བའི་ནད་པར་སྨན་བཅོས་བྱས་པའི་ནད་དཔེ་སྟོང་ལྔ་དང་ལྔ་བཅུ་ང་བདུན་ཙམ་ཡོད་པ་དང་། དྲག་སྐྱེད་བྱུང་ཚད་བརྒྱ་ཆའི་དོན་བདུན་དང་གྲངས་ཆུང་དྲུག་གཉིས་སུ་སླེབས་ཡོད། སྨན་རྫས་སྨན་བཅོས་ཀྱི་ཚད་གཞི་དང་མཐུན་པའི་ནད་པར་གཅིག་གྱུར་གྱིས་སྨན་རྫས་ཉོ་སྒྲུབ་དང་འགྲེམ་གཏོང་བྱས་པ་མ་ཟད། ཡུལ་ཚོ་འཕྲོད་བསྟེན་ཁང་གིས་ཐོ་འགོད་དང་འཚམས་འདྲི་དོ་དམ་བྱས་ཏེ་འབྲོག་པ་ཁྲི་སྟོང་གི་ཚེ་སྲོག་བསྐྱབས་པས། ཁྱིམ་ཚང་མང་པོ་ནད་ཀྱིས་དབུལ་པོར་འགྱུར་བ་དང་ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་བྱས།

རྩོམ་སྒྲིག་པ། འབྲུག་མོ།