ཁོང་ཡུང་གིས་ཟི་ལིང་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་བྱ་བར་རྟོག་ཞིབ་བྱས།
2021.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དང་པོའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནན་ཁྲོན་ཤར་ལམ་སྡོད་ཁུལ་ཞབས་ཞུ་ལྟེ་གནས་དང་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་སོང་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པར་སྒུག་ས་དང་ཐོ་འགོད་བྱེད་ས། འགོག་ཁབ་རྒྱག་ས། ལྟ་ཞིབ་ཁང་སོགས་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། སྨན་བཅོས་མི་སྣ་དང་འགོག་ཁབ་བརྒྱབ་པའི་མི་སྣ་དང་གླེང་མོལ་བྱས་ནས། འགོག་ཁབ་བརྒྱུད་སྐྱེལ་དང་འགོག་ཁབ་རྒྱག་པའི་རྒྱུད་རིམ། འགོག་ཁབ་རྒྱག་པའི་དུས་ཡུན། འགོག་ཁབ་རྒྱག་པའི་མི་གྲངས། རིམས་ནད་འགོག་བཅོས་སོགས་གནས་ཚུལ་ཐད་ནས་གསལ་བོ་དྲིས་པ་དང་། མི་ཚོགས་གཙོ་བོའི་འགོག་ཁབ་རྒྱག་པའི་བྱ་བ་སྤེལ་བའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་གསལ་བོ་བྱས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་གཙོར་འཛིན་པའི་ཁག་ཁུར་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། མི་ཚོགས་གཙོ་བོའི་ཞིབ་བཤེར་མཐིལ་རྟོགས་བཟང་བོར་བསྒྲུབ་པ། འགོག་ཁབ་རྒྱག་ས་དང་རྒྱུད་རིམ་བཀོད་སྒྲིག་ཚད་ལྡན་དུ་བསྒྱུར་བ། ཆ་འཕྲིན་ཐོ་འགོད་བྱེད་པ་དང་འགོག་ཁབ་རྒྱག་པའི་ཚད་གཞི་ལྟར། བརྟན་བརླིང་དང་བདེ་འཇགས། གོ་རིམ་ལྡན་པའི་སྒོ་ནས་རང་ཞིང་གི་མི་ཚོགས་གཙོ་བོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་བྱ་བ་སྤེལ་དགོས། རིམ་པ་སོ་སོའི་སྨན་བཅོས་སྡེ་ཁག་གིས་འགོག་ཁབ་ཀྱི་སྤུས་ཚད་འགག་སྒོ་བརྟན་སྲུང་བྱེད་པ་དང་། གཟབ་ནན་དང་ཚན་རིག་དང་མཐུན་པ། ཞིབ་ལེགས་ཀྱི་བྱ་བའི་རྣམ་འགྱུར་གཞིར་བཟུང་ནས། འགོག་ཁབ་ཀྱི་རྒྱུད་རིམ་ཧྲིལ་བོའི་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པ་དང་། འགོག་ཁབ་བརྒྱུད་སྐྱེལ་ཡང་དག་དང་སྤུས་ཚད་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། ཉམས་མྱོང་བསྡུ་གསོག་བྱེད་པ་དང་། མུ་མཐུད་དུ་སྨན་ཁང་གི་འགོས་མཆེད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་ནས། གོ་རིམ་རྗེས་མར་དམངས་ཡོངས་ཀྱིས་འགོག་ཁབ་རྒྱག་པའི་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས། ནམ་ཡང་སེམས་ཆུང་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བ་བཟང་བོར་བསྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས།

རྩོམ་སྒྲིག་པ། འབྲུག་མོ།