མཚོ་སྔོན་གྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་ཚོད་ལྟའི་ས་ཚིགས་ལ་ཕན་འབྲས་ཐོབ།
2021.01.11 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 10

ཉིས་སྟོང་ཉི་ཤུ་ལོར།  མཚོ་སྔོན་ཞིང་ཆེན་ནི་ཕྱོགས་བསྡུས་སྨན་བཅོས་ཀྱི་བཅོས་སྒྱུར་ཚོད་ལྟའི་ཞིང་ཆེན་ཡིན་པའི་ཆ་ནས། ཀྲུང་བོད་ལུགས་གསོ་རིག་འཕེལ་རྒྱས་དང་སྲིད་གཞུང་གིས་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས་སྨན་བཅོས་ལས་སྒྲུབ་ཀྱི་འགན་ནུས་མངོན་པ་དང་། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཀྱི་བྱ་བར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁས་ལེན་གང་ལེགས་ཐོབ། ལོ་ངོ་གཅིག་གི་རིང་། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་བཅོས་བསྒྱུར་གྱིས་གཙོ་གནད་ལ་དམིགས་པ་དང་། དཀའ་གནད་ལས་བརྒལ་བ། མཐུན་སྦྱོར་མཉམ་འབྲེལ། གསོ་རིག་དང་སྨན་བཅོས་བཅས་ལ་དམིགས་ཏེ། སྨན་བཅོས་འགན་སྲུང་དང་སྨན་རྫས། སྨན་ཁང་བཅས་མཉམ་འབྲེལ་བཅོས་བསྒྱུར་བྱས་ནས། ཕྱོགས་བསྡུས་སྨན་བཅོས་ལ་སྐུལ་འདེད་བཏང་སྟེ་སྨན་བཅོས་བཅོས་བསྒྱུར་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་ཁེ་བསྐྲུན་བཞིན་ཡོད།

རིམ་བགོས་བརྟག་བཅོས་རྣམ་པར་ཕན་འབྲས་གསར་བ་ཐོབ། ཉིས་སྟོང་ཉི་ཤུ་ལོར། ཞིང་ཆེན་ཡོངས་ཀྱིས་རྣམ་པ་མི་འདྲ་བའི་སྨན་བཅོས་མཉམ་འབྲེལ་ཚོགས་པ་གོ་དགུ་འཛུགས་སྐྲུན་བྱས་ཤིང་། དེས་ཞིང་ཆེན་དང་གྲོང་ཁྱེར། རྫོང་གི་གཞུང་གཉེར་སྨན་ཁང་དང་གཞི་རིམ་སྨན་བཅོས་སྡེ་ཁག་སུམ་བརྒྱ་སོ་དགུ་དང་སྤྱི་ཚོགས་སྨན་བཅོས་ལས་ཁུངས་ཉེར་གཅིག་ལ་ཁྱབ་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།