“ཏིལ་དང་སྲན་མ་སྔོ་རིལ་མའི”ཕན་ནུས།
2021.02.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

འདི་རུ་བཤད་ཀྱིན་པའི“ཏིལ་དང་སྲན་མ་སྔོ་རིལ་མ”ཞེས་པ་ནི་དམངས་ཁྲོད་དུ་རྒྱུག་ཆེ་བའི་རྒྱ་སྐད་ཀྱི“芝麻绿豆”ཞེས་པ་དེ་རེད། སྐད་ཆ་དེ་ནི་རྒྱུན་དུ་གླེང་རིན་མེད་པ་དང་། གལ་ཆེན་མ་ཡིན་པའི་དངོས་རྫས་སམ་བྱ་བ་ཆུང་ངུའི་རིགས་ལ་གོ་བཞིན་ཡོད། དེ་ནི་ཏིལ་དང་སྲན་མའི་དབྱིབས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ། དོན་དངོས་སུ་བཤད་ན། བོངས་ཆུང་བའི་ཏིལ་གྱི་ནང་དུ་འཚོ་བཅུད་མང་པོ་ཞིག་འདུས་པས་སྣང་ཆུང་གཏན་ནས་བྱེད་མི་རུང་བ་དང་། སྲན་མ་སྔོ་རིལ་མར་ཕྱི་ཚུལ་ནས་བལྟས་ན་ལྟ་རིན་མེད་པ་ཞིག་ཡིན་མོད། འོན་ཀྱང་དེ་ལ་གཞན་དང་མི་མཐུན་པའི་རིན་ཐང་ཞིག་ལྡན་པ་རེད། དེ་གཉིས་ཀ་ཟས་དང་ཡང་ན་སྨན་དུ་བསྟེན་ན། ནུས་པ་མི་དམན་པ་ཞིག་ཡོད་དོ། །

ཏིལ་ནི་ཚེ་ཐག་རིང་བར་ཕན་པའི་ཟས་རིགས་ཤིག་རེད།

ཀྲུང་ལུགས་གསོ་བ་རིག་པའི་གཞུང་དུ། ཏིལ་ནི་རང་བཞིན་སྙོམས་པོ་ཅན་ཡིན་པས་ཕོ་བ་དང་མཚེར་བར་ཕན་ཞིང་། མཆིན་པ་དང་མཁལ་མར་ཡང་ཕན་པའི་ཟས་མཆོག་ཅིག་ཡིན། དེང་རབས་ཞིབ་འཇུག་ལས་ར་སྤྲོད་བྱུང་བ་ལྟར་ན། ཏིལ་གྱིས་ཁྲག་ཤེད་མཐོ་བ་དང་། འཕར་རྩ་སྲ་འགྱུར་སོགས་ཀྱི་ནད་རིགས་སྔོན་འགོག་བྱེད་ཐུབ་པས། ཚེ་ཐག་ཇེ་རིང་དུ་གཏོང་བར་ཕན་པའི་ཟས་རིགས་སུ་གཏོགས་པ་དང་། ཏིལ་གྱི་ནང་དུ་མིའི་ལུས་པོའི་ཚེ་སྲོག་དང་འབྲེལ་བ་དམ་པོ་ཡོད་པའི་དངོས་པོའི་རིགས་ཏེ་འཚོ་བཅུདEདང་།ལྕགས།(钙)ཀལ། ཚིལ་སྐྱུར་སོགས་འབོར་ཆེན་འདུས་ཤིང་། དབང་རྩའི་ལྟེ་བ་སྙོམ་སྒྲིག་དང་སྐྱེ་འཕེལ་གཤེར་རྨེན་ཟགས་ཐོན་ལ་སྐུལ་འདེད་གཏོང་བ་དང་། ལུས་སྟེང་གི་རྙིང་ཚབ་གསར་བརྗེ་ཇེ་མགྱོགས་སུ་གཏོང་བར་ཕན་པ་ཆེན་པོ་ལྡན།

སྲན་མ་སྔོ་རིལ་མ་ནི་ཟས་དང་སྨན་གཉིས་སུ་སྤྱད་ཆོག་པའི་ཟས་རིགས་ནུས་ལྡན་ཞིག་རེད།

སྲན་མ་སྔོ་རིལ་མའི་ནང་དུ་སྤྲི་དཀར་མོད་པོ་འདུས་པའི་ཁར། འཚོ་བཅུདBདང(磷)ལིན་སོགས་ཀྱི་འདུས་ཚད་ཀྱང་ཧ་ཅང་མཐོ་བས། ཁུ་བ་དང་གོ་རེ། ཡང་ན་ཐུག་པ་སོགས་དང་མཉམ་དུ་བསྟེན་ཆོག་པའི་ཁྱད་ལྡན་ཟས་རིགས་ཤིག་རེད། དེར་མ་ཟད་ད་དུང་མངར་ཆ་ཉུང་བའི་ཟས་རིགས་ཀྱི་ཁོངས་སུ་གཏོགས་པས་གཅིན་སྙི་ཟ་ཁུའི་ནད་པར་ཧ་ཅང་ཕན་པ་རེད།

《སྔོ་སྨན་སྤྱི་བཤད》ཀྱི་ནང་དུ་སྲན་མ་སྔོ་རིལ་མ་ནི་རླུང་དང་ཕོ་རྒྱུ། རྩ་ལམ་སོགས་ལ་ཕན་པར་མ་ཟད། སྲན་མའི་ལྗང་ལོ་གཙབས་ཏེ་འཐུང་བའམ་ལུས་ཀྱི་ཕྱི་ངོས་སུ་བྱུགས་ན། སྐྱུག་པ་དང་བཤལ་བ། ཐོར་སིབ། གཉན་འབུར་སོགས་ཀྱི་ནད་རིགས་སྨན་བཅོས་བྱེད་པར་ཡང་ཕན་འབྲས་ཆེན་པོ་ཡོད་དོ། །

རྩོམ་སྒྲིག་པ། འབྲུག་མོ།