ཀྲུང་གོས་རོགས་སྐྱོར་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་པུའུ་ཅི་ན་ཧྥ་སོ་རུ་འབྱོར།
2021.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཀྲུང་གོས་རོགས་སྐྱོར་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཚེས་བཅོ་བརྒྱད་ཀྱི་དགོང་མོར་པུའུ་ཅི་ན་ཧྥ་སོའི་རྒྱལ་ས་ཝ་ཅཱ་ཏུའུ་ཀུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར།   ཀྲུང་གོའི་པུའུ་ཅི་ན་ཧྥ་སོ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ལིས་ཅན་དང་།  པུའུ་ཅི་ན་ཧྥ་སོའི་ཕྱི་འབྲེལ་པུའུ་ཡི་འཐུས་ཚབ་དཔོན་པོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མི་སོགས་སྤྲོད་ལེན་མཛད་སྒོར་ཞུགས།

ལིས་ཅན་གྱིས་མཛད་སྒོའི་སྟེང་བསྟན་དོན།    ཐེངས་འདིར་པུའུ་ཅི་ན་ཧྥ་སོ་ལ་རོགས་སྐྱོར་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་སྐོར་གཉིས་ལ་བསྡོམས་པས་འགོག་སྨན་འབུམ་བཞི་ཡོད་པ་དང་།  དེ་ནི་རྒྱལ་ཁབ་ཀྱི་མཛའ་མཐུན་འབྲེལ་བའི་མཚོན་བྱེད་ཡིན་པ་དང་།  ཀྲུང་གོ་དང་པུའུ་ཅི་ན་ཧྥ་སོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཀྱི་མཛའ་བརྩེ་ཟབ་པའི་རྟགས་མཚན་ཡིན།    སྐོར་འདིའི་འགོག་སྨན་ཀྱིས་པུའུ་ཅི་ན་ཧྥ་སོ་ཡིས་རིམས་ནད་འགོག་སྡོམ་བྱེད་པར་རོགས་བྱེད་པ་དང་།  མི་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་སྐུལ་འདེད་བྱེད་པའི་ནུས་པ་འདོན་ཐུབ་པར་ཡིད་ཆེས་ཡོད།

པུའུ་ཅི་ན་ཧྥ་སོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་རིམ་པའི་འཐུས་མི་ཝུའུ་ཨུག་པ་ཡིས་ཀྲུང་གོ་སྲིད་གཞུང་གིས་འགོག་སྨན་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།   ཁོས་བཤད་རྒྱུར།    མིག་སྔར་པུའུ་ཅི་ན་ཧྥ་སོའི་རིམས་ནད་གནས་ཚུལ་ལ་སྤྱིའི་ཆ་ནས་ཚོད་འཛིན་བྱས་ཡོད་པ་དང་།  དེ་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་པར་རག་ལས་ཡོད།    པུའུ་ཅི་ན་ཧྥ་སོ་ཡིས་སྐོར་འདིའི་འགོག་སྨན་ལ་གཅེས་སྤྲས་དང་བཀོལ་སྤྱོད་བཟང་བོ་བྱས་ནས།   མང་ཚོགས་ཀྱི་འགོག་སྲུང་ནུས་པ་མཐོར་འདེགས་གཏོང་བ་དང་།   རིམས་ནད་འགོག་ཚད་ཇེ་ཉུང་དུ་གཏོང་བའི་ཐད་ལ་བྱེད་ནུས་འདོན་སྤེལ་བྱེད་དགོས་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་པུའུ་ཅི་ན་ཧྥ་སོ་རུ་སྡོད་པའི་འཐུས་མི་ནཱ་མ་ཡིས་བཤད་རྒྱུར།    ཀྲུང་གོས་རོགས་སྐྱོར་བྱས་པའི་འགོག་སྨན་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྲེལ་མྱུར་བཀོལ་སྐྱོད་དཔང་ཡིག་ཐོབ་ཡོད་པ་དང་།   དེའི་བདེ་འཇགས་རང་བཞིན་དང་ནུས་ཡོད་རང་བཞིན་ལ་ཕྱོགས་སོ་སོའི་ཁས་ལེན་ཐོབ་ཡོད་པས།  པུའུ་ཅི་ན་ཧྥ་སོའི་མི་དམངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པར་གདམ་གསེས་གསར་པ་འདོན་སྤྲོད་བྱས་ཡོད།   ཁོ་མོས་མང་ཚོགས་རྣམས་ཀྱིས་རིམས་ནད་འགོག་སྲུང་ལ་སྔར་ལས་མཐོང་ཆེན་བྱས་ཏེ་ཧུར་ཐག་གིས་འགོག་སྨན་རྒྱག་དགོས་པའི་འབོད་སྐུལ་བཏང་།།

རྩོམ་སྒྲིག་པ། འབྲུག་མོ།