མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རིམས་ནད་འགོག་སྡོམ་ཡུལ་དངོས་ལས་བཟོ་བར་འཚམས་འདྲི་བྱས།
2021.11.18 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 24

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ནས་བཅུ་དྲུག་ཉིན་བར། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བར་རྒྱབ་སྐྱོར་བྱ་ཆེད། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འཚམས་འདྲི་ཚན་ཆུང་ལྔ་རུ་བགོས་ཏེ་སྨན་བཅོས་ལས་རིགས་དང་སྤྱི་བདེ་ལས་ཁུངས། ཁྲོམ་གཞུང་སྡོད་ཁུལ་དུ་སོང་ནས་རིམས་ནད་འགོག་སྡོམ་ཡུལ་དངོས་སུ་དཀའ་སྤྱད་སྡུག་རུས་བྱས་པའི་སྨན་བཅོས་མི་སྣ་དང་།  ཉེན་རྟོག་པ། ཁྲོམ་གཞུང་སྡོད་ཁུལ་གྱི་ལས་བྱེད་མི་སྣར་འཚམས་འདྲི་བྱས་ཤིང་། ཏང་དང་སྲིད་གཞུང་། དེ་མིན་བཟོ་ཚོགས་རྩ་འཛུགས་ཀྱི་ཐུགས་ཁུར་དང་བརྩེ་བ་འཁྱེར་ནས། ཁོ་ཚོས་རིམས་འགོག་ཡུལ་དངོས་སུ་དཀའ་སྤྱད་སྡུག་རུས་བྱས་པར་བཀའ་དྲིན་ཞུས།

ས་ཆ་རེ་རེར་ཐོན་པ་ན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགན་ཁུར་བློ་མཐུན་གྱིས་ཏང་དང་སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་ཀྱི་ཡུལ་དངོས་ལས་བཟོ་བར་ཐུགས་ཁུར་དང་བརྩེ་སེམས་མཚོན་པར་བྱས་པ་དང་། བྱ་བ་སྤེལ་བའི་གནས་ཚུལ་བློ་འདྲི་བྱས་པ་མ་ཟད། ཁོ་ཚོས་རང་ཉིད་ཀྱི་འགོག་སྲུང་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་། ལས་གནས་བརྟན་སྲུང་བྱེད་པའི་དུས་མཚུངས་སུ། རང་སྟེང་གི་བདེ་འཇགས་བདེ་ཐང་ལ་ཁག་ཐེག་བྱེད་དགོས་ཞེས་བཤད། རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་རིམས་འགོག་ཡུལ་དངོས་ལས་བཟོ་བའི་ཞབས་ཞུ་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ་རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་ལས་བཟོ་མང་ཚོགས་ལ་འཚམས་འདྲི་དང་། ཁོ་ཚོའི་བྱ་བ་དང་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་ཆེས་མཐའ་མཇུག་གི་རྒྱལ་ཁ་ལེན་པར་བཟོ་ཚོགས་ཀྱི་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན། ཉེན་ཁ་དང་དཀའ་ཁག་ལ་འཕྲད་པའི་སྐབས་སུ་རྒྱ་ཆེའི་ལས་བཟོ་བས་ཡིད་ཆེས་བརྟན་པོ་དང་། སྐྱིད་སྡུག་མཉམ་མྱོང་། དཔའ་ངར་ཆེར་བསྐྱེད། བྱ་བར་འབད་འབུངས་བཅས་ཀྱི་སྒོ་ནས། རིམས་ནད་འགོག་སྡོམ་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་རིམས་ནད་འགོག་སྡོམ་བྱ་བའི་ཁྲོད་རང་སྟེང་གི་བྱེད་ནུས་འདོན་སྤེལ་དང་། ཏང་ཀྲི་པུའུ་དང་ཏང་ཡོན་གྱི་སྔོན་བསྐྱོད་དཔེ་ལེགས་བྱེད་ནུས་བཏོན་ཏེ། ལས་བཟོ་བ་དང་མང་ཚོགས་ཀྱི་རིམས་ནད་འགོག་སྡོམ་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སྤེལ་བྱས་ནས། མཉམ་འགོག་མཉམ་བཅོས་ཀྱི་ནུས་པ་སྲ་བརྟན་དུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི“ངས་མང་ཚོགས་ལ་དོན་དངོས་སྒྲུབ”པའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། དུས་ཐོག་ཏུ་རྣམ་པ་འདྲ་མིན་གྱི་འཚམས་འདྲི་དང་ཞབས་ཞུ་བྱ་འགུལ་སྤེལ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། འབྲུག་མོ།